29558
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱེ་བྲག་སྨྲ་བའི་ལུགས་ཀྱི་མི་ལྡན་འདུ་བྱེད་བཅུ་བཞི་ལས་ཐོབ་པའི་ཁྱད་ཆོས་དྲུག་ལས་ཐ་མ་སྟེ། ཐོབ་པར་བྱ་བའི་ཆོས་རྣམས་ལ་ཐོབ་པ་དུས་གསུམ་པ་ཞེས་བསྟན་པ་དེའི་དམིགས་བསལ་གྱི་དུས་གསུམ་པར་མ་ངེས་པ་ཡོད་མེད་ཀྱི་ཁྱད་པར་རོ། །དེ་ལ་མ་བསྒྲིབས་ལུང་མ་བསྟན་གྱི་དམིགས་བསལ། བསྒྲིབས་ལུང་མ་བསྟན་གྱི་དམིགས་བསལ་དང་། དགེ་མི་དགེའི་དམིགས་བསལ་བཅས་ཏེ་གསུམ་མོ། ། |