29559
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནམ་གྱི་ཁྱི་བདུན་གྱི་ནང་གསེས་ཤིག་སྟེ། འབྱུང་རྩིས་ལུགས་ཀྱི་ཉིན་རེའི་ས་སྲོད་ཁྱིའི་དུས་ཚོད་ཡིན་ཞིང་། དེ་དེང་གི་ལག་འཁོར་དུས་ཚོད་ལྟར་ན་ཕྱི་དྲོའི་དུས་ཚོད་བདུན་པ་ཟིན་ནས་དགུ་པའི་སྟེང་བར་ཡིན། འདི་ནི་ཉིན་མཚན་མཉམ་པའི་དུས་སུ་ནམ་ལངས་ཡོས་ཀྱི་དུས་ཚོད་དེ་དེང་གི་ལག་འཁོར་དུས་ཚོད་ལྔ་པ་ནས་འགོ་འཛིན་པའི་དབང་དུ་བྱས་པ་ཡིན་པས་ཉིན་ཐམས་ཅད་ལ་སྦྱར་ན་རགས་པ་ཡིན་ལ། ཞིབ་པ་ནི་ལག་འཁོར་དུས་ཚོད་དུའི་སྟེང་དུ་ནམ་ལངས་ན་དེ་ནམ་ལངས་ཡོས་ཀྱི་དུས་ཚོད་ལ་བཞག་ནས་རིམ་འདེད་བྱས་ན་འབབ་པའི་ས་སྲོད་ཁྱིའི་དུས་ཚོད་ཡིན། དུས་ངན་དེར་བག་མ་སྒོར་ཐོན་ན་མྱུར་དུ་འཆི་བར་ཐེ་ཚོམ་མེད་པས། བག་མ་བསུ་སྐྱེལ་གྱི་སྐབས་སུ་དེར་མ་ཁེལ་བ་བྱ་རྒྱུ་གལ་ཆེ། དེ་མིན་ཐོ་རེངས་སྟག་གི་དུས་ཚོད་དང་། ཉིན་ཕྱེད་རྟའི་དུས་ཚོད་གཉིས་ཀྱང་སྔ་འགྱུར་ལས་ཟས་འཚོལ་ཞེས་གནམ་ཁྱི་རྒྱུ་བའི་དུས་ངན་པར་བཤད། |
| Domain | རྩིས་རིག |