29581
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྩམས་པའི་འཇལ་བྱེད་གཉིས་ཀྱི་ཡ་གྱལ་སྟེ། དུས་ཡུན་རིང་ཐུང་འཇལ་བྱེད་དོ། །དེ་ཡང་དུས་འཇལ་ཚུལ་ནི་འདི་ལྟར་སྟེ། དུས་ཀྱི་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་ཟེར། དེ་དག་ཀྱང་དྲུག་ཅུ་ལ་ཐང་ཅིག་གོ ། ཐང་ཅིག་ནས་ཡུད་ཙམ། ཉིན་ཞག ཟླ་བ་གསུམ་ནི་གོང་ནས་གོང་དུ་སུམ་ཅུས་བསྒྱུར་ཏེ། ཐང་སུམ་ཅུ་ཡུད་ཙམ། དེ་སུམ་ཅུ་ཞག དེ་སུམ་ཅུ་ཟླ་བ་ཡིན་པའོ། །ཞག་མི་ཐུབ་དྲུག་དོར་རྒྱུ་དང་བཅས་པ་ཡི་ཟླ་བ་བཅུ་གཉིས་ལ་དེའི་ལོ་གཅིག་ཞེས་བྱའོ། ། |
| Domain | ཆོས་ལུགས། |