29594

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་འགྲེལ་ (1)
Part of speech མིང་ཚིག
Definition སྔགས་རྒྱ་གཞུང་མཆན་འགྲེལ་སྐོར། ཇོ་ནང་ཀུན་སྤངས་པས་འབྲུ་མཆན་བཏབ་ཏེ་དུས་འཁོར་རྒྱུད་འགྲེལ་བའི་གཞུང་ཞིག་སྟེ། གཞུང་གི་མཚན་རྒྱས་པ། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་རྣམ་པར་གཏན་ལ་ཕབ་པ་མདོར་བསྡུས་པའི་རྒྱུད་ཀྱི་སྙིང་བོའི་རྒྱ་ཆེར་འགྲེལ་བ་དྲི་མ་མེད་པའི་འོད་ཅེས་བྲིས། གཞུང་དེའི་མཇུག་ཏུ་དཔལ་མི་བསྐྱོད་རྡོ་རྗེ་ཞེས་བཀོད་པ་དེ་ཁོང་གི་གསང་མཚན་ཡིན་ཚུལ་ཁོང་གི་འགྲེལ་བ་གཞན་དུ་གསལ། འགྲེལ་བའི་ཡུལ་ནི་དཔལ་ཇོ་ནང་ནགས་རྒྱལ་དབེན་གནས་དང་། གཞུང་ཚད་ལ་པོད་གཅིག་བཞུགས།