29611
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། དུས་ཀྱི་སེམས་མ་བཞི་ནི། བཙུན་མོ་འདས་པ་དང་། བཙུན་མོ་ད་ལྟ་བ་དང་། བཙུན་མོ་འབྱུང་བ་དང་། བཙུན་མོ་མ་བྱོན་པ་དང་བཞིའོ། །འདི་དག་གི་མཚན་གྱི་རྣམ་གྲངས་སུ་རིམ་བཞིན། རྡོ་རྗེ་བདུག་སྤོས་མ་དང་། རྡོ་རྗེ་མེ་ཏོག་མ་དང་། རྡོ་རྗེ་སྣང་གསལ་མ་དང་། རྡོ་རྗེ་དྲི་ཆབ་མ་ཞེས་ཀྱང་གྲགས་ཤིང་། ཕྱིའི་སེམས་དཔའ་བཞིའམ་དབང་པོའི་སེམས་དཔའ་བཞིའི་ཡུམ་ཡིན་ཏེ། ཕྱོགས་བཅུའི་མུན་སེལ་ལས་དབང་པོའི་སེམས་དཔའ་བཞི་བསྟན་རྗེས། དེ་དག་གི་ཡུམ་རྣམས་ཀྱང་རིམ་བཞིན། བཙུན་མོ་འདས་པ་སྟེ་བདུག་སྤོས་མ། བཙུན་མོ་ད་ལྟ་བ་སྟེ་མེ་ཏོག་མ། བཙུན་མོ་འབྱུང་བ་སྟེ་སྣང་གསལ་མ། བཙུན་མོ་མ་བྱོན་པ་སྟེ་དྲི་ཆབ་མ་བཅས་སུ་གསུངས། |
| Domain | ཆོས་ལུགས། |