29624

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་ཁྲིམས་ཡན་ལག་བརྒྱད་ (1)
Part of speech མིང་ཚིག
Definition བསྙེན་གནས་ཀྱི་བསྲུང་བྱ་རྩ་བ་བཞི་ཕྱོགས་མཐུན་དང་བཅས་པ་སྤོང་བ་ཚུལ་ཁྲིམས་བརྟན་པར་བྱེད་པའི་ཡན་ལག་བཞི་དང༌། ཆང་གི་བཏུང་བ་སྤོང་བ་བག་ཡོད་གོང་འཕེལ་བྱེད་པའི་ཡན་ལག་དང༌། མལ་སྟན་ཆེ་མཐོ་དང། གར་ཕྲེང་། ཕྱི་དྲོའི་ཁ་ཟས་ཏེ། དེ་གསུམ་སྤོང་བ་བརྟུལ་ཞུགས་དག་པར་བྱེད་པའི་ཡན་ལག་གསུམ་བཅས་བརྒྱད།
Domain ཆོས་ལུགས།