29628
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དབྱར་སྔ་ཕྱིའི་བྱེ་བྲག་གིི་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་གམ་ཐ་ཆུང་གི་ཚེས་བཅུ་དྲུག་ལའོ། །ཡུན་ཇི་སྲིད་དུ་གདིང་བ་ནི། ཟླ་བ་ལྔ་སྟེ་ལུང་ཞུ་བ་ལས་ཇི་སྲིད་དུ་གཏན་པ་གདིང་བར་བགྱི། ཟླ་བ་ལྔའོ་ཞེས་གསུངས་ཤིང་། དཔྱིད་ཟླ་ར་བའི་ཉ་ལ་དབྱུང་ཞེས་བཤད་པས་ཀྱང་གྲུབ་བོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ཚེས་བཅུ་དྲུག་གི་ཉིན་སྲ་རྐྱང་འདིང་བ་པོ་རྣམས་ཀྱིས་སྲ་རྐྱང་དེ་ཉིད་བདུག་སྤོས་དྲི་ཞིམ་པོ་སོགས་དང། མེ་ཏོག་གིས་མཆོད་ཅིང་ཕང་བར་ཐོགས་ཏེ་རྒན་རིམ་བཞིན་དུ་སྔགས་ཚིག་ལན་གསུམ་བརྗོད་པའི་སྒོ་ནས་འདིང་བ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |