29636

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་གཞན་ལ་དགོངས་པ་ (1)
Part of speech མིང་ཚིག
Definition མདོ། ལེ་ལོའི་གཉེན་པོར་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་ན་དེར་སྐྱེ་ཞེས་པ་ལྟ་བུའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། དུས་གཞན་མ་འོངས་པ་ལ་སྐྱེ་བ་ལ་དགོངས་ནས། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ་ན་དེར་སྐྱེའོ་ཞེས་པ་ལྟ་བུ་ཡིན། དགོས་པ་ནི། ལེ་ལོའི་གཉེན་པོའོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།