29640

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་གསུམ་ (1)
Part of speech མིང་ཚིག
Definition འདས་པ་དང་ད་ལྟར་བ་གང་རུང་ཡང་ཡིན། ཞིག་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། འདས་པའི་མཚན་ཉིད། བུམ་པ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པར་ཞིག་པའི་ཆ་དེའི་མཚན་གཞི་ཡིན། དེ་གང་རུང་ཡང་ཡིན། མ་འགགས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། ད་ལྟར་པའི་མཚན་ཉིད། བུམ་པ་དེའི་མཚན་གཞི་ཡིན། ད་ལྟར་བ་དང་མ་འོངས་པ་གང་རུང་ཡང་ཡིན། མ་བྱུང་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། མ་འོངས་པའི་མཚན་ཉིད། བུམ་པ་རང་གི་རྒྱུའི་དུས་སུ་མ་བྱུང་བ་དེའི་མཚན་གཞི་ཡིན། གཞི་ལ་བཀར་ན་དེས་མཚོན། དེས་ན་འདས་མ་འོངས་ད་ལྟར་བ་འདུས་བྱས་ཐམས་ཅད་ལ་བརྩིར་རུང་བ་ཡིན་ཏེ། དངོས་པོ་ཡིན་ན། རང་ཉིད་ཀྱི་འདས་པ་རང་ཉིད་ཀྱི་ཕྱི་ལོགས་སུ་གྲུབ་པས་ཁྱབ། དེ་ཡིན་ན། རང་ཉིད་ཀྱི་མ་འོངས་པ་རང་ཉིད་ཀྱི་སྔ་ལོགས་སུ་གྲུབ་པས་ཁྱབ། དེ་ཡིན་ན། རང་ཉིད་རང་དུས་སུ་ད་ལྟར་བ་ཡིན་པས་ཁྱབ་བོ། །