29641
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱག་འཚལ་གདོང་ཡང་ཟེར། སྔོན་ཀརྨ་པ་དུས་གསུམ་མཁྱེན་པ་བྱང་རྟ་རྣར་ཕེབས་སྐབས་ཆོས་འཁོར་བསྐོར་བའི་ས་ཆ་ཡིན་པའི་བཤད་ཚུལ་ཡོད་ཅིང་ད་ལྟ་ཡང་བཞུགས་ཁྲིའི་ཤུལ་ཡོད། བཤད་ཚུལ་གཞན་ཞིག་ནི་རྟ་རྣའི་གནས་ལ་རི་སྐོར་བྱེད་ནས་ཡོངས་སྐབས་ས་དེར་ཐོན་པ་ན་རྟ་རྣའི་དབུ་རྩེ་ལྷང་ངེར་མཇལ་ཡོང་ལ་གནས་སྐོར་བ་རྣམས་ཀྱིས་གུས་ཕྱག་འབུལ་སྲོལ་ཡོད་པས་ཕྱག་འཚལ་གདོང་ཡང་ཟེར། དེ་ནི་རྟ་རྣའི་སྐོར་ལམ་གཡོ་ཀུ་ཕུའམ་དེང་སང་གི་འབོད་སྟངས་བྱས་ན་ཡོ་གེ་ཕུའི་ཡོ་རྒྱལ་མགུལ་དུ་ཡོད། |