29663
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གུ་རུ་ཆོས་དབང་གི་རྫོགས་ཆེན་སངས་རྒྱས་མཉམ་སྦྱོར་ལས་གསུངས་པའི་དུས་ངན་ཏེ། ༡ གཏེར་འདི་ཐོན་དང་དུས་མཚུངས་པར། །བུད་མེད་ལུས་ལ་དུང་རྒྱན་དར། །མཁའ་འགྲོའི་ལུང་བསྟན་དུས་ཡིན་པས། །དབང་བསྐུར་བསྒྲུབ་ཐབས་སྤྲེལ་དུས་ཡིན། །༢ སྤུན་འཁྲུགས་གཡུལ་ངོ་འགྱེད་པའི་ཚེ། །འགོང་པོ་གཡོས་པའི་དུས་ཡིན་པས། །ཟབ་གཏེར་འདོན་ཅིང་འགོང་པོ་མནན། །༣ སྒོ་ཁྱི་ལམ་ཟན་བསྒུགས་པའི་ཚེ། །ཡིག་དྲུག་སྟོན་པ་དར་དུས་ཡིན། །ཐུགས་རྗེ་ཆེན་པོའི་མན་ངག་སྤེལ། །༤ གཡོ་བ་བརྒྱ་བསྡུས་བྱུང་བའི་ཚེ། །ས་གཏེར་མི་ཐུབ་དུས་ཡིན་པས། །གཏེར་འདོན་གཏེར་ཆོས་སྤེལ་བར་བྱ། །༥ བཟང་གོས་ཆོ་ག་གཏོང་བའི་ཚེ། །མི་ཚེ་ཐུང་བའི་དུས་ཡིན་པས། །མི་ཆོས་ཞོག་ལ་ལྷ་ཆོས་སྒྲུབས། །༦ རྨོག་གི་བྱེའུ་མགོ་བུད་ཚེ། །བླ་མེད་རྟོགས་པའི་དུས་ཡིན་པས། །ཐུགས་ཀྱི་ཡང་གཏེར་དོན་ཁྲིད་སྐྱོང་། །༧ སྔགས་བཙུན་སྡེ་འཁྲུག་བྱུང་བའི་ཚེ། །བསྟན་པ་ཉམས་པའི་དུས་ཡིན་པས། །བསྟན་བསྲུང་དྲག་སྔགས་སྤེལ་ཅིང་སྒྲུབ། །༨ ཆོས་མེད་ཅོ་འདྲི་མང་བའི་ཚེ། །གྲི་མཚོན་དར་བའི་དུས་ཡིན་པས། །བཙུན་པར་འདུག་སྟེ་བྱང་ཆུབ་བསྒྲུབ། །༩ མཐའ་དམག་བོད་དུ་བྱུང་དུས་སུ། །ལྷ་སྲིན་འཁྲུག་པའི་དུས་ཡིན་པས། །རང་དོན་ཁོང་དུ་ཆུད་པར་བྱ། །༡༠ གོས་ངན་རེ་བ་གྱོན་པའི་ཚེ། །ས་བཅུད་ཤོར་བའི་དུས་ཡིན་པས། །གནོད་སྦྱིན་ནོར་ལྷ་བསྙེན་མཆོད་བྱ། །༡༡ ཁྲིམས་མེད་བཙུན་གཟུགས་དར་བའི་ཚེ། །བདུད་ཀྱི་དབང་བསྒྱུར་དུས་ཡིན་པས། །རྒྱལ་བའི་བཀའ་རྒྱུད་འབྲི་ཀློག་བྱ། །༡༢ ཁྱི་བསྙོན་བོང་བསྙོན་བྱུང་བའི་ཚེ། །དགེ་སྡིག་འཚོལ་སྤྱད་དུས་ཡིན་པས། །མན་ངག་ཚང་མར་སྤྲེལ་བར་བྱ། །༡༣ སྦས་པའི་རྣལ་འབྱོར་འགལ་བྱུང་ཚེ། །གསང་སྔགས་འབྲུའི་དུས་ཡིན་པས། །མན་ངག་སྤེལ་བསྒྲུབ་བརྩོན་འགྲུས་བསྐྱེད། །དེ་ལྟར་དུས་གནད་འཇོམས་དུས་ཚེ། །དགེ་སྡིག་མྱུར་དུ་སྨིན་གྱུར་པས། །དེ་ཚེ་འབད་དང་དོན་ཆེན་ཡིན། །ཞེས་སོ། ། |
| Domain | ཆོས་ལུགས། |