29678

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། གཞི་བཅུ་བདུན་གྱི་ནང་ཚན་ཞིག དེའི་ཚུལ་ཞིབ་པར་ནི། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་བཤད་དུ་ཡོད་དེ། འདིས་དགེ་འདུན་ལྷག་མའི་བཅབས་ཉེས་རྫོགས་པར་བསྐྱེད་པ་དེ་འཆད་པ་ལ། གཞི། བསམ་པ། སྦྱོར་བ། མཐར་ཐུག་གི་ཡན་ལག་རྣམས་སུ་ཕྱེ་ནས་བཤད་པར་བྱ་བ་ཡིན་པའི་ཕྱིར། དང་པོ་ཡོད་དེ། གང་འཆབ་པའི་དངོས་པོའི་དབང་དུ་བྱས་ན། ལྷག་མ་དངོས་གཞིའི་ཉེས་པ་ཡིན་པ། བདག་གི་རྒྱུད་དང་འབྲེལ་བར་ཡོད་པ། ངོ་བོ་ཤེས་ཤིང་ཐེ་ཚོམ་ཟ་བ་དེ་ཡིན་པའི་ཕྱིར་དང་། གནས་ཀྱི་དབང་དུ་བྱས་ན། མཐོལ་ཡུལ་ཆོས་བདུན་ལྡན་ཡོད་པའི་གནས་དེར་བཅབས་པ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། འདུ་ཤེས་དང་། ཀུན་སློང་གཉིས་ཡོད་པའི་ཕྱིར། དེ་གཉིས་ཀྱི་ངོ་བོ་ཡོད་དེ། དང་པོ་མ་འཁྲུལ་བ་དང་། གཉིས་པ་ནི་ཉེས་པ་དེ་བརྗོད་འདོད་མེད་པའི་བསམ་པ་རྒྱུན་མ་ཆད་པ་དེ་ཡིན་པའི་ཕྱིར། གསུམ་པ་སྦྱོར་བ་ཡོད་དེ། ལུས་ངག་ཏུ་གྲུབ་པ་མི་དགོས་ཀྱི་ཉེས་པ་མི་མཐོལ་བ་ཉིད་དེ་ཡིན་པའི་ཕྱིར། བཞི་པ་མཐར་ཐུག་ཡོད་དེ། མཚན་མོ་མཐའི་སྐད་ཅིག་མ་ལ་བཅབས་ཉེས་འབྱུང་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།