From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དུས་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། དུས་བཅུ་ནི། དུས་ཚིགས་དང༌། ལོ་དང༌། ཟླ་བ་དང༌། ཟླ་བ་ཕྱེད་པ་དང༌། ཉིན་མོ་དང༌། མཚན་མོ་དང༌། སྐད་ཅིག་དང༌། དེའི་སྐད་ཅིག་མ་དང༌། ཐང་ཅིག་དང་ཡུད་ཙམ་མོ། །ཡོངས་སུ་བཟུང་བ་བདུན་ནི། བདག་དང་། ཉེ་འཁོར་སོགས་ཀྱི་དང༌། ཁྱིམ་གྱིས་དང༌། ཟོད་སྦྲམ་པའི་དང་བསོད་ནམས་བྱ་བའི་དང༌། ལས་ཀྱི་མཐའ་ལ་སྦྱར་བའི་དངོས་པོ་སྟེའོ། །
|
| Domain
|
ཆོས་ལུགས།
|
དུས་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག མདོ་དགོངས་པ་འདུས་པར་ས་འོག་མ་དག་གིས་གོང་མ་བསྒྲུབ་པའི་དུས་ལ་བཅུར་གསུངས་ཏེ། འདུན་པ་སྐྱེ་བའི་དུས། རྩོལ་བ་སྦྱོར་བའི་དུས། བསླབ་པ་འཇུག་པའི་དུས། བསླབ་གནས་འདུ་ཤེས་འགྱུར་བའི་དུས། སྤྱོད་ཆེན་འཇུག་པའི་དུས། དབུགས་ཆེན་ཕྱིན་པའི་དུས། ཡུལ་ལ་འཇུག་པའི་དུས། རྟོགས་ཆེན་ཉིད་ལ་ཕེབས་པའི་དུས། གདེང་དུ་གྱུར་པའི་དུས། ལས་རུང་ཐ་མའི་དབུགས་ཕྱིན་པའི་དུས་དང་བཅུའོ། །
|