29709
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རང་སྟོང་གཞན་སྟོང་གི་ཁྱད་པར་རྣམ་པར་ཕྱེས་པའི་ཆོས་ལུགས་དང་གཞུང་དེར་ཐོས་བསམ་གྱིས་འཇུག་པའི་སྲོལ་དུས་སོགས་གླིང་འདིར་ཉམས་དང་མ་ཉམས་ཀྱི་སྒོ་ནས་བཞག་པའི་རྫོགས་ལྡན་གྱི་ཆོས་དང་གསུམ་ལྡན་གྱི་ཆོས་སོགས་བཞི་སྟེ། ཡུན་ཚད་ལ་མི་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བཞི་ཆ་འམ་མི་ལོ་ལྔ་བརྒྱ་དང་བཞི་ཡོད་པ་དང་དུས་བཞི་རེ་རེའི་ཡུན་ཚད་ལ་ཆ་སྙོམ་མི་ལོ་ཆིག་སྟོང་སུམ་བརྒྱ་ལྔ་བཅུ་ཡོད། ཀུན་མཁྱེན་དོལ་པོ་བའི་བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ལས། དེ་ཡི་བཞི་ཆ་དུས་བཞི་སོ་སོའི་ཚད། །སྐྱོན་མེད་ཡོན་ཏན་ཚང་བ་རྫོགས་ལྡན་ཆོས། །དེ་ནས་བཞི་ཆ་ཉམས་པ་གསུམ་ལྡན་སྟོད། །ཕྱེད་ཉམས་གྱུར་ན་གསུམ་ལྡན་སྨད་དུ་འགྱུར། །གསུམ་ལྡན་ཉམས་པའི་ལྷག་མ་གཉིས་ལྡན་ཡིན། །བཞི་ཆ་གཅིག་ཀྱང་མེད་པ་རྩོད་ལྡན་དེ། །ལྷ་མིན་ཀླ་ཀློ་ནག་པོའི་ཆོས་སུ་གསུངས། །ཞེས་དང་། རྫོགས་ལྡན་ཆོས་མཆོག་དཔང་གྱུར་གཙུག་གིས་བླངས། །གསུམ་ལྡན་མར་བཅད་སྐྱོན་དང་བཅས་འགྱུར་ཞིང་། ཚོང་འདུས་འོ་མ་ལྟ་བུར་བསླད་པའི་གཞུང་། །གང་དུ་འདུག་ཀྱང་དཔང་དུ་བྱར་མི་རུང་། །ཞེས་དང་། རྫོགས་ལྡན་ཆོས་ནི་དྲི་མེད་རྒྱལ་བའི་བཀའ། །ས་བཅུའི་དབང་ཕྱུག་རྣམས་དང་ཤིང་རྟ་ཡི། །སྲོལ་འབྱེད་ཆེན་པོ་རྣམས་ཀྱི་ལེགས་གསུངས་པ། །སྐྱོན་མེད་ཡོན་ཏན་མཆོག་མངའ་རྣམས་ཡིན་ནོ། །དེ་ཡི་ལུགས་ལ་ཐམས་ཅད་རང་སྟོང་མིན། །རང་སྟོང་གཞན་སྟོང་ལེགས་པར་རྣམ་ཕྱེས་ནས། །ཀུན་རྫོབ་གང་ཡིན་ཐམས་ཅད་རང་སྟོང་དང་། །དོན་དམ་གང་ཡིན་གཞན་སྟོང་ཉིད་དུ་གསུངས། །ཞེས་གསུངས། ། |
| Domain | རྩིས་རིག |