29718
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤཱཀྱའི་བསྟན་པ་ཉམས་གུད་འཇལ་བའི་བསྟན་རྩིས་ཤིག་སྟེ། དུས་བཞི་སྔ་ཕྱི་གཉིས་ལས་སྔ་མ་ཡིན། ཡུན་ཚད་ལ་མི་ལོ་སུམ་སྟོང་སུམ་བརྒྱ་བཅུ་མེད་བཞི་ཡོད། རིགས་ལྡན་སྙིང་ཐིག་ལས། རྒྱལ་བ་མྱ་ངན་འདས་པ་ནས། །དྲག་པོ་དགུང་ལོ་གོ་བརྒྱད་བར། །ལོ་གྲངས་སུམ་སྟོང་སུམ་བརྒྱ་བཞི། །འབྱུང་བ་དུས་བཞི་སྔ་མའི་ཚད། །ཅེས་བྱུང་། དེས་ནས་ཕུག་ལུགས་ལ་ཕྱི་ལོ་སྔོན་ ༨༨༠ པ་ནས་མ་འོངས་ཕྱི་ལོ་ ༢༤༢༤ པའི་བར་དུ་མི་ལོ་ ༣༣༠༤ ཡོད་པ་དེའོ། ། |
| Domain | རྩིས་རིག |