29759

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་ཚིགས་ (1)
Part of speech མིང་ཚིག
Definition དུས་ཚོད་ཀྱི་དབྱེ་མཚམས་སོ་སོ།
Keyword True
Example ལོ་གཅིག་ལ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་ཡོད། དུས་ཚིགས་བཅུ་གཉིས། དུས་ཚིགས་དྲུག་ལྟ་བུ།
དུས་ཚིགས་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། དུས་ནི་རྣམ་པ་དུ་མར་གསུངས་ཏེ། ཟླ་བ་བཅུ་གཉིས་ལ་རབ་འབྲིང་ཐ་ཆུང་རྣམས་ཤེས་པའི་ཕྱིར་དུ་དགུན་དང་། དཔྱིད་དང་། དབྱར་དང་། སྟོན་ཞེས་དུས་ཚིགས་བཞིར་གསུངས་ལ། དུས་ཀྱི་དང་པོ་ནི་དགུན་ཡིན་ཏེ། རྒྱལ་སྲས་ཀྱིས། སངས་རྒྱས་པ་ཐམས་ཅད་ཀྱི་དུས་ཀྱི་དང་པོ་ནི་དགུན་ཡིན་ནོ། །གཉིས་པ་དཔྱིད་དོ། །གསུམ་པ་དབྱར་རོ་ཞེས་སོ། །འདིར་ཡང་དུས་ཚིགས་བརྗོད་པ་ན་དགུན་ཐོག་མར་སྨྲོས་སོ། །ཟླ་བ་ལ་མར་ངོ་སྔོན་འགྲོ་དང་། ཡར་ངོ་སྔོན་འགྲོའི་སྲོལ་གཉིས་ལས། སངས་རྒྱས་པ་རྣམས་ཀྱིས་ནི་མར་ངོ་སྔོན་འགྲོ་ཁས་བླང་བར་བྱ་སྟེ། ཟླ་བ་དེའི་ཉ་ལ་སྐར་མ་གང་ཤར་བ་དེ་ཡིས་ཟླ་བ་རྫོགས་པར་འཇོག་པའི་ཕྱིར་རོ། །ལོའི་མཇུག་ནི་འཇིག་རྟེན་པས་སྟོན་ཟླ་ཐ་ཆུང་ཞེས་ཐ་སྙད་བྱས་པའི་ཚེས་བཅོ་ལྔ་ལ་སྨིན་དྲུག་འཆར་བ་དེ་ཡིན་ཏེ། དེ་ལ་ཟླ་བ་གཅིག་གི་ཁོངས་སུ་སྨིན་དྲུག་དང་། བྲ་ཉེ་ལན་གཉིས་སུ་རྒྱུའོ། །སྤྱིར་ཚེས་བཅོ་ལྔ་ལ་རྒྱུ་སྐར་གང་ཤར་བའི་ཟླ་བ་དེ་དང་། དེའི་སྔོན་མ་ལ་ཟླ་བ་གཅིག་ལ་ལན་གཉིས་སུ་རྒྱུ་བ་ཆོས་ཉིད་དོ། །སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་སྐར་མ་དབྱུག་པ་འཆར་བའི་ཚེས་བཅུ་དྲུག་ནས། སྟོན་ཟླ་ཐ་ཆུང་གི་ཉ་ལ་སྨིན་དྲུག་འཆར་བའི་བར་ནི་མར་ངོ་སྔོན་འགྲོ་ལྟར་ན་སྨིན་དྲུག་ཟླ་བ་ཞེས་ཐ་སྙད་བྱས་པའི་ཟླ་བ་ནས་བཟུང་སྟེ། མཆུའི་ཟླ་བའི་བར་ཟླ་བ་བཞི་ནི་དགུན་དུས་སོ། །དབོ་དང་། ནག་པ་དང་། ས་ག་དང་། སྣྲོན་གྱི་ཟླ་བ་བཞི་ནི་སོ་ཀ་སྟེ་དཔྱིད་དོ། །ཆུ་སྟོད་ཀྱི་ཟླ་བ་ནི་དབྱར་རོ། །གྲོ་ཞུན་ཟླ་བའི་མར་ངོའི་ཚེས་གཅིག་ནི་དབྱར་ཐུང་ངུའོ། །དེ་བཞིན་དུ་ལྷག་མ་ཟླ་བ་གསུམ་ལ་ཞག་གཅིག་གིས་མ་ཆོག་པ་ནི་དབྱར་རིང་པོའི་མིང་དུ་ཡང་ཤེས་པར་བྱ། དེ་ལྟར་དབྱར་ལ་གསུམ་དང་། དགུན་དང་དཔྱིད་དེ་ལྔ་པོ་འདི་དག་ནི་དུས་རྣམ་པ་ལྔའོ། །དེ་ལྟར་ལོ་དང་། ཟླ་བ་དང་། དུས་དང་། ཚེས་གྲངས་དང་། གྲིབ་ཚོད་རྣམས་བརྗོད་དོ། །གྲིབ་ཚོད་ནི་ཐུར་མ་སོར་བཞི་པས་གཞལ་ཏེ་དེའི་གྲིབ་མ་སོར་བཞི་ལ་སྐྱེས་བུ་ཞེས་ཐ་སྙད་བྱའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས།
Domain ཆོས་ལུགས།