29769
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བའི་ལེའུ་སོ་གཅིག་པ་ལས་བྱུང་བ་སྟེ། དབྱར་ཟླ་ཐ་ཆུང་དང་། སྟོན་ཟླ་ར་བ་གཉིས་ནི་དབྱར་གྱི་དུས་སོ། །སྟོན་ཟླ་འབྲིང་པོ་དང་། སྟོན་ཟླ་ཐ་ཆུང་གཉིས་ནི་སྟོན་གྱི་དུས་སོ། །དགུན་ཟླ་ར་བ་དང་། དགུན་ཟླ་འབྲིང་པོ་གཉིས་ནི་དགུན་གྱི་དུས་སོ། །དཔྱིད་ཟླ་འབྲིང་པོ་དང་། དཔྱིད་ཟླ་ཐ་ཆུང་གཉིས་ནི་དཔྱིད་ཀྱི་དུས་སོ། །དབྱར་ཟླ་ར་བ་དང་། དབྱར་ཟླ་འབྲིང་པོ་གཉིས་ནི་སོས་ཀའི་དུས་སོ། །ཉི་མ་བྱང་ཕྱོགས་སུ་འགྲོ་བ་དང་། ལྷོ་ཕྱོགས་སུ་འགྲོ་ཞིང་ལམ་གཉིས་སུ་འཇུག་པའི་ཕྱིར། དེ་ལ་འཆར་འབབ་པ་གྲང་བའི་དུས་དང་། ཚ་བའི་དུས་སུ་གྱུར་པའོ། ། |
| Domain | རྩིས་རིག |