2977

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་བ་དཀར་པོ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཁོང་ནི་ཚ་བ་སྒང་གི་ཕྱོགས་སུ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་སྔོན་སྦྱོང་གི་བག་ཆགས་སད། རིང་པོ་མ་ཐོགས་པར་མདོ་སྔགས་ཀྱི་ཆོས་ཀུན་ལ་མཁྱེན་པ་རྒྱས། ཀཿཐོག་ཏུ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང༌། ནམ་མཁའ་དཔལ་གཉིས་ཀྱིས་རྗེས་སུ་བཟུང་སྟེ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པའི་མངའ་བདག་ཏུ་གྱུར། སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། རོང་བཙན་ཁ་བ་དཀར་གྱི་གནས་སྒོ་ཐོག་མར་ཕྱེས། ཁ་བ་དཀར་པོའི་གངས་ཁྲོད་དུ་སྒྲུབ་སྡེ་གསར་དུ་བཙུགས། སྐུ་རྟེན་ཇོ་བོ་ནམ་མཁའ་བཀྲ་ཤིས་སྒྲུབ་སྡེ་དེར་དྲངས་རྟེན་གཙོར་བཞུགས་སུ་གསོལ། བུ་འབོར་དང་ཚ་བ་སྒང༌། འཇང་ཡུལ་རྣམས་སུ་དགོན་སྡེ་མང་པོ་གསར་དུ་བཏབ། བསྟན་པའི་བྱ་བ་འགྲན་ཟླ་མེད་པའི་ཕྲིན་ལས་ཡུན་དུ་བསྐྱངས་ནས་སྐུ་ཚེ་མཐར་ཕྱིན་པའོ། །