29775
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལག་ལེན་དུ་ཚེས་རེའི་མིང་འདོགས་པའི་ཉི་མ་རེ་ཡི་དུས་ཚོད་ཉེར་བཞི་ལ་རིམ་པར་འཆར་བའི་སྤར་ཁ་ལ་ཟེར་བ་ཡིན། སྤར་ཁ་བརྒྱད་དུས་ལ་འཆར་ཚུལ་ནི་ཉི་མ་རེའི་ཉིན་གྱི་ཐོག་མ་ནམ་ལངས་ཡོས་ཀྱི་དུས་ཚོད་ལྔ་པ་དང་། མཚན་གྱི་ཐོག་མ་ཉི་ནུབ་བྱའི་དུས་ཚོད་ལྔ་པ་གཉིས་ལ་ཚེས་དེ་ཉིད་ཀྱི་སྤར་ཁ་སྦྱར་བ་ནས་ཚར་རེ་འདེད་དགོས་པས། སྤར་ཁ་རེ་ཡི་འཆར་ཡུན་ནི་ཆུ་ཚོད་གཅིག་དང་སྐར་མ་སུམ་ཅུ་ཡིན། དཔེར་ན་ཚེས་ཀྱི་སྤར་ཁ་ལི་ཡིན་པར་ཆ་བཞག་ན། ཉི་མ་དེའི་ཉིན་དང་མཚན་གྱི་ཐོག་མའི་དུས་ཚོད་ལྔ་བ་ནས་དྲུག་དང་ཕྱེད་ཀའི་བར་དུའང་འཆར་བའི་སྤར་ཁ་ལི་དང་། དེ་ནས་དུས་ཚོད་བརྒྱད་པའི་སྟེང་བར་འཆར་བའི་སྤར་ཁ་ཁོན། དེ་ནས་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་བར་འཆར་བའི་སྤར་དྭ། དེ་ནས་དུས་ཚོད་བཅུ་གཅིག་པའི་སྟེང་བར་འཆར་བའི་སྤར་ཁ་ཁེན། དེ་ནས་དུས་ཚོད་བཅུ་གཉིས་དང་ཕྱེད་ཀའི་སྟེང་བར་འཆར་བའི་སྤར་ཁ་ཁམ། དེ་ནས་དུས་ཚོད་གཉིས་པའི་སྟེང་བར་འཆར་བའི་སྤར་ཁ་གིན། དེ་ནས་དུས་ཚོད་གསུམ་དང་ཕྱེད་ཀའི་སྟེང་བར་འཆར་བའི་སྤར་ཁ་ཟིན། དེ་ནས་དུས་ཚོད་ལྔ་པའི་སྟེང་བར་འཆར་བའི་སྤར་ཁ་ཟོན་བཅས་ཡིན་པ་ལྟ་བུ་ཡིན། |
| Domain | རྩིས་རིག |