29776
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལག་ལེན་ཏུ་ཚེས་རེ་ཡི་མིང་འདོགས་པའི་ཉིན་རེའི་དུས་ཚོད་ཉེར་བཞི་ལ་རིམ་པར་འཆར་བའི་སྨེ་བ་ལ་ཟེར་བ་ཡིན། སྨེ་བ་དགུ་དུས་ལ་འཆར་ཚུལ་ནི་ཉི་མ་རེའི་ཉིན་གྱི་ཐོག་མ་ནམ་ལངས་ཡོས་ཀྱི་དུས་ཚོད་ལྔ་པ་དང་། མཚན་གྱི་ཐོག་མ་ཉི་ནུབ་བྱའི་དུས་ཚོད་ལྔ་པ་གཉིས་ལ་ཚེས་དེ་ཉིད་ཀྱི་སྨེ་བ་སྦྱར་བ་ནས་ཚར་རེ་འདེད་དགོས་པས། སྨེ་བ་རེ་འཆར་བའི་ཡུན་ཚད་ནི་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུ་ཡིན། དཔེར་ན་ཚེས་ཀྱི་སྨེ་བ་གསུམ་མཐིང་ཡིན་པར་ཆ་བཞག་ན། ཉི་མ་དེའི་ཉིན་དང་མཚན་གྱི་ཐོག་མའི་དུས་ཚོད་ལྔ་པ་ནས་དྲུག་དང་སྐར་མ་ཉི་ཤུའི་སྟེང་བར་འཆར་བའི་སྨེ་བ་གསུམ་མཐིང་དང་། དེ་ནས་དུས་ཚོད་བདུན་དང་སྐར་མ་བཞི་བཅུའི་སྟེང་བར་འཆར་བའི་སྨེ་བ་ལྔ་སེར། དེ་ནས་དུས་ཚོད་བཅུ་དང་སྐར་མ་ཉི་ཤུའི་སྟེང་བར་འཆར་བའི་སྨེ་བ་དྲུག་དཀར། དེ་ནས་དུས་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་བར་འཆར་བའི་སྨེ་བ་བདུན་དམར། དེ་ནས་དུས་ཚོད་དང་པོའི་སྟེང་བར་འཆར་བའི་སྨེ་བ་བརྒྱད་དཀར། དེ་ནས་དུས་ཚོད་གཉིས་དང་སྐར་མ་ཉི་ཤུའི་སྟེང་བར་འཆར་བའི་སྨེ་བ་དགུ་དམར། དེ་ནས་དུས་ཚོད་གསུམ་དང་སྐར་མ་བཞི་བཅུའི་སྟེང་བར་འཆར་བའི་སྨེ་བ་གཅིག་དཀར། དེ་ནས་དུས་ཚོད་ནག་བཅས་ཡིན་པ་ལྟ་བུ་ཡིན། |
| Domain | རྩིས་རིག |