29779
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྱུང་རྩིས་རིག་པའི་གཞུང་ལས་ཉིན་མཚན་གཉིས་ཀྱི་ཚད་ཐུན་དྲུག་དྲུག་ཏུ་ཕྱེས་ཏེ། ཐུན་རེ་རེ་ལོ་འགྲོས་རེ་རེ་ཡིས་བརྩི་བའི་དུས་ཚོད་བཅུ་གཉིས་ལ་ཟེར་བ་ཡིན། དེ་ཡང་ཉིན་ཚད་ཐུན་དྲུག་བགོས་པའི་དུས་ཚོད་དྲུག་ནི་ནམ་ལངས་ཡོས་ཀྱི་དུས་ཚོད་དང་། ཉི་ཤར་འབྲུག་གི་དུས་ཚོད། ཉི་དྲོས་སྦྲུལ་གྱི་དུས་ཚོད། ཉིན་ཕྱེད་རྟའི་དུས་ཚོད། ཕྱེད་ཡོལ་ལུག་གི་དུས་ཚོད། ཉི་མྱུར་སྤྲེལ་གྱི་དུས་ཚོད་བཅས་ཡིན། དེ་བཞིན་དུ་མཚན་ཚད་ཐུན་དྲུག་བགོས་པའི་དུས་ཚོད་དྲུག་ནི་ཉི་ནུབ་བྱའི་དུས་ཚོད་དང་། ས་སྲོད་ཁྱིའི་དུས་ཚོད། སྲོད་འཁོར་ཕག་གི་དུས་ཚོད། ནམ་ཕྱེད་བྱི་བའི་དུས་ཚོད། ཕྱེད་ཡོལ་གླང་གི་དུས་ཚོད། ཐོ་རངས་སྟག་གི་དུས་ཚོད་བཅས་ཡིན། དུས་དེ་དག་གི་དབང་ཐང་ནི་ཞག་གི་དབང་ཐང་གི་བུ་ནམ་ལངས་ཡོས་ཀྱི་དབང་ཐང་དུ་སྦྱར་བ་ནས་ལོ་འགྲོས་རེ་ལ་དབང་ཐང་རེ་སྦྱར་ཏེ་བུ་འདེད་བྱེད་དགོས་པས། གལ་སྲིད་ཞག་གི་དབང་ཐང་མེ་ཡིན་པར་ཆ་བཞག་ན། མེ་བུ་ས་ཡིན་པས་ཉིན་དེའི་ནམ་ལངས་ཡོས་ཀྱི་དབང་ཐང་ས་ཡིན། དེ་ནས་བུ་འདེད་བྱས་ན་ས་བུ་ལྕགས་ཡིན་པས་ཉི་ཤར་འབྲུག་གི་དབང་ཐང་ལྕགས། ལྕགས་བུ་ཆུ་ཡིན་པས་ཉི་དྲོས་སྦྲུལ་གྱི་དབང་ཐང་ཆུ། ཆུ་བུ་ཤིང་ཡིན་པས་ཉིན་ཕྱེད་རྟའི་དབང་ཐང་ཤིང་། ཤིང་བུ་མེ་ཡིན་པས་ཕྱེད་ཡོལ་ལུག་གི་དབང་ཐང་མེ། མེ་བུ་ས་ཡིན་པས་ཉི་མྱུར་སྤྲེལ་གྱི་དབང་ཐང་ས། ས་བཅུ་ལྕགས་ཡིན་པས་ཉི་ནུབ་བྱའི་དབང་ཐང་ལྕགས། ལྕགས་བུ་ཆུ་ཡིན་པས་ས་སྲོད་ཁྱིའི་དབང་ཐང་ཆུ། ཆུ་བུ་ཤིང་ཡིན་པས་སྲོད་འཁོར་ཕག་གི་དབང་ཐང་ཤིང་། ཤིང་བུ་མེ་ཡིན་པས་ནམ་ཕྱེད་བྱི་བའི་དབང་ཐང་མེ། མེ་བུ་ས་ཡིན་པས་ཕྱེད་ཡོལ་གླང་གི་དབང་ཐང་ས། ས་བུ་ལྕགས་ཡིན་པས་ཐོ་རངས་སྟག་གི་དབང་ཐང་ལྕགས་བཅས་ཡིན་པ་ལྟ་བུ་ཡིན། འདི་ལྟར་ཉིན་རེའི་དུས་ཚོད་བཅུ་གཉིས་ལས་ཡོས་སྤྲེལ་གླང་གསུམ་གྱི་དབང་ཐང་ནི་ཞག་དེའི་དབང་ཐང་གི་བུ་དང་། འབྲུག་བྱ་སྟག་གསུམ་གྱི་དབང་ཐང་ནི་ཞག་དེའི་དབང་ཐང་གི་གྲོགས། སྦྲུལ་ཁྱི་གཉིས་ཀྱི་དབང་ཐང་ནི་ཞག་དེའི་དབང་ཐང་གི་དགྲ། རྟ་ཕག་གཉིས་ཀྱི་དབང་ཐང་ནི་ཞག་དེའི་དབང་ཐང་གི་མ། ལུག་བྱི་གཉིས་ཀྱི་དབང་ཐང་ནི་ཞག་དེའི་དབང་ཐང་རང་བཅས་ཡིན་པས། ཞག་དབང་གི་རང་མ་བུ་དགྲ་གྲོགས་ལྔ་ལས་དུས་དབང་གང་ཡིན་ཐད་ཀར་འཚོལ་ལུགས་འདི་ལ་དབང་ཐང་བདེ་བླག་ངང་འཚོལ་བའི་མན་ངག་ཟེར་བ་ཡིན། |
| Domain | རྩིས་རིག |