29782
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྭ་བསེ་རོ་ཟློས་ཀྱི་ནང་གསེས་ཟློས་པ་ཡོད་པའི་དུས་ཚོད་དེ། གཤིན་པོའི་རང་ལོ་ཕག་ཡིན་ན། འཆི་འཕོ་སྐབས་ཀྱི་དུས་ཚོད་ནི་ཉི་དྲོས་སྦྲུལ་ལྟ་བུ་བདུན་ཟུར་གྱི་དུས་ཚོད་དང་། སྲོད་འཁོར་ཕག་ལྟ་བུ་རང་ཀེག་གི་དུས་ཚོད། ནམ་ལངས་ཡོས་སམ་ཕྱེད་ཡོལ་ལུག་ལྟ་བུ་ཐུན་གསུམ་གྱི་དུས་ཚོད། ཉི་ཤར་འབྲུག་ལྟ་བུ་སྲོག་གི་དུར་ཞུགས་ཀྱི་དུས་ཚོད། ས་སྲོད་ཁྱི་ལྟ་བུ་དུར་ཆུང་གི་དུས་ཚོད། ཉི་མྱུར་སྤྲེལ་ལྟ་བུ་ཡར་གྱི་བཞི་གཤེད་ཀྱི་དུས་ཚོད། ཐོ་རངས་སྟག་ལྟ་བུ་མར་གྱི་བཞི་གཤེད་ཀྱི་དུས་ཚོད། གཤེད་བཞི་ལྟ་བུ་སྲོག་གི་དགྲའི་དུས་ཚོད། ས་སྲོད་ཁྱི་ལྟ་བུ་ལོ་དཀར་ཆེ་བའི་དུས་ཚོད། ཉི་ཤར་འབྲུག་ལྟ་བུ་ལོ་དཀར་ཆུང་བའི་དུས་ཚོད། མཚེ་མ་དྲུག་གི་སྡེ་ཚན་གང་རུང་ཞིག་ཏུ་གཤིན་ལོ་དང་འདོམ་པའི་དུས་ཚོད། ངན་ཀླུང་བཅུ་གཉིས་ཀྱི་ཁོངས་སུ་གཏོགས་པའི་དུས་ཚོད་བཅས་ཡིན་ཞིང་། དེ་དག་ལས་གང་གི་སྟེང་དུ་ཤི་ཡང་དུས་ཚོད་ཀྱི་རྭ་བསེའི་བཏང་གཅོད་རྡེའུ་ནག་ཅིང་རོ་ཟློས་འབྱུང་བར་བཤད། |
| Domain | བཟོ་རིག |