29784

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་ཞབས་གཉིས་པ་ (1)
Part of speech མིང་ཚིག
Definition དུས་ཞབས་པ་ཆུང་བའམ་ཤྲི་བྷ་དྲ་ནི། རྒྱ་གར་འཕགས་ཡུལ་དུ་རྗེ་རིགས་སུ་སྐུ་འཁྲུངས། དབང་བོ་གསལ་ཞིང་རིགས་པའི་གནས་ལྔར་མཁས་པར་གྲགས། སངས་རྒྱས་ཀྱི་གསུང་རབ་ཡིན་ནོ་ཅོག་ཕར་ཆེར་ཐུགས་སུ་ཆུད་པ་ལ། དུས་འཁོར་ཞེས་པ་མ་མཁྱེན་ནས། དུས་ཞབས་པ་ཆེན་པོའི་ཞབས་ལ་གཏུགས་ཏེ། གསེར་དངུལ་ལ་སོགས་པ་རིན་པོ་ཆེའི་ཕུང་པོ་ཆེན་པོ་ཕུལ་ཏེ། དུས་འཁོར་ཞུས་པས། མཆོག་དབང་གོང་མ་ལ་སོགས་པ་རྣམས་ཆོས་དབྱིངས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་གསལ་བར་བྱས་ནས། དབང་རྣམས་བསྐུར་ཏེ། རྒྱུད་འགྲེལ་མཐའ་དག་གསུངས། ཚེ་གཅིག་གིས་ས་བཅུ་གཉིས་པ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ། དེ་ནས་སྦྱོར་བ་ཡན་ལག་དྲུག་གི་གདམས་པའི་གཞུང་མཛད། དེའི་དུས་ན་དུས་འཁོར་མཐར་ཕྱིན་པ་མཁྱེན་པ་ཡབ་དུས་འཁོར་ཞབས་པ་ཆེན་པོ་དང་། ཁོང་ལས་མེད་པས། དུས་ཞབས་ཆུང་བའམ་དུས་ཞབས་གཉིས་པར་གྲགས། དེ་ནས་ཀྱཻ་རྡོ་རྗེ་སྦས་པའི་རྒྱུད་ཀྱི་སྒོ་འབྱེད་པ་ན་རོ་འགྲེལ་ཆེན་མཛད། དཔལ་ན་རོ་པའི་ལོ་རྒྱུས། ཇོ་བོ་ན་ལེན་དྲ་བའི་ལོ་རྒྱུས། དཔལ་དུས་ཞབས་གཉིས་པས་རྗེས་སུ་བཟུང་བའི་སློབ་མ་རྣམས་ཕལ་ཆེར་གྲུབ་པ་ཐོབ་པའི་རྣལ་འབྱོར་པར་གྱུར། ཁྱད་པར་དུ་ཇོ་བོ་ན་ལེན་དྲ་པ་ལ་དུས་འཁོར་ཟབ་ལམ་སྦྱོར་དྲུག་གི་བཀའ་བབས་པ་ཡིན་ཏེ་རྒྱ་གར་གྱི་ཡུལ་དུ་རིགས་ཁྱད་པར་ཅན་གྱི་ཕ་མའི་རིགས་སུ་སྐུ་འཁྲུངས། བླ་མས་ཆུའི་དབང་ལ་སོགས་པ་རྣམས་བསྐུར་ནས། རྒྱུད་འགྲེལ་མཐའ་དག་སོགས་རང་བཞིན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་གྱིས་གསལ་བར་བྱས་ནས། མཆོག་དབང་གོང་མ་བསྐུར་ཏེ་སྦྱོར་བ་ཡན་ལག་དྲུག་པ་གནང་ནས་བསྒོམས་པས། རྟགས་བཅུ་ཡོན་ཏན་བརྒྱད་མཐར་ཕྱིན་ལུས་ཀྱི་འཁོར་ལོ་ཐམས་ཅད་བདེ་བས་གང་། མཆོག་གི་དངོས་གྲུབ་ཐོབ། དཔལ་ན་ལེན་དྲ་རུ་བྱོན་ནས་པཎྜི་ཏི་ལྔ་བརྒྱའང་འཁོར་ལྔ་བརྒྱ་ལྔ་བརྒྱ་དང་བཅས་པས་དུས་ཀྱི་འཁོར་ལོའི་ཆོས་གསུངས་པར་ཞུས་པས། ཁོང་གིས་ཀྱང་དབང་བདུན་ལ་སོགས་པ་བསྐུར་ནས། རྒྱུད་འགྲེལ་མ་ལུས་པ་གསུངས། མཆོག་དབང་གོང་མ་བསྐུར་ནས་སྦྱོར་བ་ཡན་ལག་དྲུག་གི་གདམས་པ་བཏབ། པཎྜི་ཏ་རྣམས་ཀྱིས་ཀྱང་ཉམས་སུ་བླངས་པས། རྟགས་བཅུ་ཡོན་ཏན་བརྒྱད་ཐོབ་པ་ཤ་སྟག་བྱུང་ངོ་། །རྗེས་སུ་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་དར་འཕེལ་བྱུས་བས། ཁོང་ལ་ཇོ་བོ་ན་ལེན་དྲ་པ་ཞེས་མཚན་གསོལ་ཏོ། །
Domain ལོ་རྒྱུས།

{{#arraymap:དུས་ཞབས་གཉིས་པ་

|; |@@@ | | }}