29792
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཉིས་པའི་མེ་སྟག་ཕྱི་ལོ་ ༡༧༤༦ ལོར་མདོ་སྨད་དུ་འཁྲུངས། འདས་ལོ་མི་གསལ། ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསྡུས་གཞུང་དང་། གཞུང་ཆེན་ལྔ་ལ་ལེགས་པར་སྦྱངས། རྡོ་རམས་པའི་མཚན་བཏགས་བཞེས། ཐོས་བསམ་གླིང་གྲྭ་ཚང་གི་དགེ་བསྐོས་མཛད། དུས་འཁོར་རྡོ་རྗེ་འཛིན་པར་ལོ་འགར་བཞུགས། དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། འཆད་ཉན་དང་། འགྲིག་ལམ། ཀུན་སྤྱོད་བཅས་ལ་དོ་དམ་གནང་། ཁྲི་ཟུར་ནས་ཨ་རུ་ཧོར་ཆེན་རྟག་བརྟན་པཱེ་ལིའི་མཆོད་གནས་ཀྱི་བླ་མར་ལོ་ཁ་ཤས་བཞུགས། བླ་བྲང་བཀྲ་ཤིས་འཁྱིལ་དུ་སྤྱི་སྒེར་ཀུན་ལ་རྙེད་བཀུར་གྱིས་མཆོད། སླར་ཡང་རྟག་བརྟན་པཱེ་ལི་མཆོད་གནས་སུ་སྤྱན་དྲངས། འདས་ལོ་མི་གསལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཁྲི་རབས་བདུན་པ་ཡིན། |