29801

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་འཁོར་འགྲེལ་ཆེན་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཚིག་དོན་རབ་ཏུ་གསལ་བྱེད་རྡོ་རྗེ་ཉི་མའི་སྣང་བ་ཞེས་གསལ། འཇམ་དབྱངས་བློ་གཏེར་དབང་པོ་སོགས་སྐྱེས་བུ་མང་གསུང་གིས་སྔ་ཕྱིར་བསྐུལ་མ་ཡང་ཡང་མཛད་པར་བརྟེན། ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ས་སྤྲེལ་ཕྱི་ལོ་༡༩༠༨ ལོའི་བོད་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ལ་འགོ་བརྩམས་པ་དང་། ལོ་དེའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ལ་འགྲེལ་ཆེན་འདི་ཡོངས་སུ་གྲུབ་པར་བགྱིས་པ་ཞིག་སྟེ། དེ་ཡང་རྣལ་འབྱོར་བླ་ན་མེད་པ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཚིག་དོན་རྣམ་པར་བཤད་པ། རྒྱལ་བའི་བཀའ་དང་བོད་གངས་ཅན་གྱི་མཁས་གྲུབ་རྣམས་ཀྱི་དགོངས་པ་གཅིག་ཏུ་འདུས་པ། དུས་འཁོར་ལེའུ་ལྔའི་རྩ་འགྲེལ་དགོངས་པ་སྟབས་གཅིག་བདེ་བླག་ཏུ་གོ་བདེར་བཤད་པའི་གཞུང་ཞིག་ཡིན།