29805

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དཔག་བསམ་སྙེ་མ་ (1)
Part of speech མིང་ཚིག
Definition སྔགས་ཀྱི་སྒྲུབ་ཐབས་སྐོར། ཇོ་ནང་དུས་འཁོར་བ་ཕྱོགས་ལས་རྣམ་རྒྱལ་གྱིས་མཛད་པའི་དུས་འཁོར་སྒྲུབ་ཐབས་ཤིག་སྟེ། གཞུང་དེར། གང་གིས་སྒྲུབ་པའི་གང་ཟག གང་དུ་བསྒྲུབ་པའི་གནས། ཇི་ལྟར་སྒྲུབ་པའི་ཐབས། དེ་ལྟར་བསྒྲུབས་པའི་འབྲས་བུ་བཅས་ས་བཅད་བཞིའི་སྒོ་ནས་གསུངས་མོད། གཞུང་དེའི་བརྗོད་བྱ་གཙོ་བོ་དུས་ཀྱི་འཁོར་ལོའི་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ཡོངས་ཀྱི་བསྐྱེད་རིམ་ལ་འཇུག་ལྡིང་དངོས་གཞི་བཅས་ཀྱི་དམིགས་རིམ་དང་སྦྱར་ཏེ་གསུངས་འདུག གཞུང་ཚད་སྡེབ་གྲངས་བདུན་ཅུ་ལྷག་འདུག མཛད་པའི་ཡུལ་དུས་གཞུང་དེར་མི་གསལ།
Domain ཆོས་ལུགས།