29806

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་འཁོར་རྒྱུད་ཀྱི་རྩོད་ཡིག་རྣམ་ལྔ་ (1)
Part of speech མིང་ཚིག
Definition རྩོད་ཡིག་སྐོར། དུས་རབས་བཅུ་བཞི་པའི་སྨད་དུ་དུས་ཀྱི་འཁོར་ལོའི་རྒྱུད་ལ་དག་ཐེར་མཛད་ཆེད་མང་དུ་ཐོས་པ་ཤཱཀྱའི་དགེ་སློང་རེད་མདའ་བ་གཞོན་ནུ་བློ་གྲོས་དཔལ་གྱིས་དང་བོར་དུས་ཀྱི་འཁོར་ལོའི་དཔྱད་པ་ལས་བརྩམས་ཏེ་བསྟན་འཛིན་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ། ཞེས་པའི་འཕྲིན་ཡིག་མཛད་པ་ལ། དེར་ཁོང་གིས་མཛད་པའི་རང་ལན། འཕྲིན་ཡིག་ནོར་བུའི་ཕྲེང་བའི་རང་ལན། ཞེས་པ་དེ་དང་། དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པའི་རིན་པོ་ཆེའི་སྒྲོན་མ། ཞེས་མཛད་པ་དེ་དག་དང་གཅིག འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་རྩོད་ལན་གདུང་སེལ་ཀུ་མུ་དའི་དགའ་སྟོན་དང་གཉིས། བྱང་བདག་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་མཛེས་རྒྱན་དང་གསུམ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་དུས་འཁོར་རྩོད་ལན་རིགས་པའི་འོད་སྟོང་དང་བཞི། བྱང་ཆུབ་སེང་གེས་མཛད་པའི་རྩོད་ལན་ཡི་གེ་རྣམ་དག་ལུང་གི་ཕྲེང་བ་དང་ལྔའོ། །