29821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། དུས་འཁོར་སྙན་བརྒྱུད་ཀྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཞི་བཅུ་པ་ཡིན། བརྗོད་བྱ། གྲུབ་ཆེན་དུས་ཞབས་པའི་མན་ངག་དང་པོར་སེམས་ཉིད་ཕྱག་ཆེན་དུ་ངོ་སྤྲོད་པ་ནས། སྒོམ་རྒྱུ་ལྔ། བཤད་རྒྱུ་བཞི། ངེས་འཇོག་བཞི། གསོལ་འདེབས་གསུམ་སོགས་ཀྱི་གཞུང་བསྲིང་ཏེ་དུས་འཁོར་རྫོགས་རིམ་གྱི་རྣལ་འབྱོར་སྦས་པའི་ཚུལ་དུ་ཉམས་སུ་ལེན་པའི་རིམ་པ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། དང་པོའི་སངས་རྒྱས་ཆོས་རྒྱལ་རིགས་གསུམ་མགོན། མན་ལུང་གུ་རུ་ལོ་ཙཱ་གྲགས་རྒྱལ་བ། ཀུན་དགའ་དོན་གྲུབ་བཀའ་བཅུ་གཞོན་ནུ་སེང་། ཧཱུྃ་ཆེན་ནམ་མཁའ་ཧཱུྃ་རྒྱལ་ལྷུན་རིན་བ། རིག་སྒོམ་སྦས་པའི་རྣལ་འབྱོར་འཆི་མེད་གྲུབ། ཆོས་རྒྱལ་དཔལ་བཟང་མཁས་དབང་ལོ་ཙཱ་བ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། གང་ཡིད་ཆེས་རྣམས་ཆོས་རྗེ་མཁས་པའི་དབང་པོའི་ཞལ་སློབ་ཞིག་གི་ངག་ལས་རྙེད་པའི་ཆ་ཙམ་བཀོད་པའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་

|; |@@@ | | }}