29837

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་འབྲེལ་གྱི་ལྟུང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། རང་རང་གི་ཞག་གྲངས་ཀྱི་མཚན་མོ་མཐའི་སྐད་ཅིག་མ་ལ་ལྟོས་དགོས་པའི་ལྟུང་བ་ཞིག དེའི་གྲངས་དང་སོ་སོའི་སྐྱེ་ཚུལ་དོགས་གཅོད་དང་བཅས་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དང་པོ་ཉིན་མཚན་གྱི་དང་པོ་མ་ཡིན་པ་ལ་ཐ་མ་མ་ཡིན་པ་མེད་པ་ཉིད་དོ། །ཞེས་སོགས་ཀྱིས་དུས་དང་འབྲེལ་བའི་ཐུན་མོང་བ་བསྟན་ཏེ། སྤྱིར་དུས་འབྲེལ་གྱི་ལྟུང་བ་དེ་ལ། འཆང་གཉིས་འབྲལ་གཉིས་ཟླ་འཇོག་དང་། །རས་ཆེན་བརྟད་བྱུང་གསོག་འཇོག་དང་། །དམག་གནས་འཆབ་དང་ནུབ་ལྷག་ཉལ། །སྣང་བཅས་སྤང་བསྙིལ་ལྷན་ཅིག་ཉལ། །སྟེ་བཅོ་ལྔ་ཡོད་པ་ལས་འཆང་འཇོག་དང་། དགོན་པ་པའི་འབྲལ་སྤང་། རུང་མཐུན་སྦྱར་བའི་འབྲལ་སྤང་སྟེ་དྲུག་བསྐྱེད་པ་ལ། རང་རང་གི་ཞག་གྲངས་ཀྱི་མཚན་མོ་མཐའི་སྐད་ཅིག་མ་ལ་ལྟོས་དགོས་པར་བསྟན་པའི་ཕྱིར། དེ་ལྟོས་པའང་ཡིན་ཏེ། གོས་དང་ལྷུང་བཟེད་ཞག་བཅུ་འཆང་སྤང་བསྐྱེད་པ། ཞག་བཅུའི་མཚན་མོའི་མཐའི་སྐད་ཅིག་མ་ལ་ལྟོས། ཟླ་འཇོག་གི་སྤང་ལྟུང་བསྐྱེད་པ་ཞག་སུམ་ཅུའི་མཚན་མོ་མཐའི་སྐད་ཅིག་མ་ལ་ལྟོས། གསོག་འཇོག་གི་སྤོང་ལྟུང་བསྐྱེད་པ་ཞག་བདུན་གྱི་མཚན་མོ་མཐའི་སྐད་ཅིག་མ་ལ་ལྟོས། དགོན་པ་པའི་འབྲལ་སྤང་བསྐྱེད་པ་ཞག་དྲུག་གི་མཚན་མོ་མཐའི་སྐད་ཅིག་མ་ལ་ལྟོས་པའི་ཕྱིར། འདི་དུས་འབྲེལ་གྱི་ལྟུང་བ་གཞན་དགུ་ལ་མི་སྦྱོར་ཏེ། འདི་ཞག་དང་པོ་ཁོ་ན་ལ་དོགས་པ་དཔྱོད་པ་ཡིན་པ་གང་ཞིག ། ཕྱིས་རྣམ་གཉིས་ལ་ཞག་དང་པོ་ལ་དོགས་པ་དཔྱད་མི་དགོས། གཞན་བདུན་གྱི་མཚན་ཉིད་འོག་ནས་སྟོན་པའི་ཕྱིར། ཁོ་ན་རེ་རྟགས་དང་པོ་མ་གྲུབ་སྟེ། འདི་མཐར་ཐུག་ལ་དོགས་པ་དཔྱོད་བྱེད་ཡིན་པའི་ཕྱིར་ཏེ། ཞག་བཅུ་འཆང་སྤང་ལྟ་བུ་བསྐྱེད་པ་ལ་མཚན་མོ་མཐའི་སྐད་ཅིག་མ་མ་ཡིན་པའི་ཐུན་ཚོད་སྔ་མ་རྣམས་མཐར་ཐུག་གི་ཡན་ལག་ཏུ་མི་དགོས་པའི་ཕྱིར། ཞེ་ན་རྟགས་དེ་བས་ཀྱང་མ་གྲུབ་སྟེ། དེ་བསྐྱེད་པ་ལ་ཉིན་མཚན་ཚོགས་པ་ཚང་བ་འདས་པ་ངེས་བཟུང་དུ་དགོས་པའི་ཕྱིར་ཏེ། དེ་ལ་ཞག་བཅུ་འདས་པ་ཡན་ལག་ཏུ་ངེས་པར་དགོས་པའི་ཕྱིར། འོ་ན་ཉིན་པར་དུས་འབྲེལ་གྱི་ལྟུང་བ་བསྐྱེད་པ་ཡོད་དམ་ཞེ་ན་ཡོད་དེ། དམག་ནང་དུ་ཉིན་པར་གནས་ན་སྦྱོར་ལྟུང་བསྐྱེད་པའི་ཕྱིར་དང་། དེར་གནས་པ་ཙམ་ལ་དགག་བྱ་ཉེས་དམིགས་ཆེ་བའི་ཕྱིར་ཏེ། རྒྱ་ཆེར་འགྲེལ་ལས། དམག་གི་ནང་ན་གནས་པ་ནི། ཉིན་པར་གནས་ནའང་སྦྱོར་བའི་སྣོད་ཉིད་ཀྱི་རྒྱུའི་དངོས་པོར་འགྱུར་ཏེ། དེར་གནས་པ་ཙམ་ཉིད་ན་ཉེས་པར་འགྱུར་བ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེས་མཚོན་ནས་ནུབ་ལྷག་ཉལ་ལ་ཡང་ཉིན་མོ་ནས་སྦྱོར་ལྟུང་བསྐྱེད་པ་ཤེས་པར་བྱའོ། །ཞེས་གསུངས།
Domain ཆོས་ལུགས།