29845

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་རུང་གི་སྨན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མཚན་ཉིད་ནི། དངོས་པོ་གང་ཞིག་བཀྲེས་པའི་ནད་སེལ་བ་ལ་གཙོ་བོར་ཞུགས་པའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། བཅས་ལྡན་རབ་བྱུང་སྡེ་ལྔ་རུང་གི་རང་གླིང་གི་སྐྱ་རེངས་ཤར་ནས་གུང་ཚིགས་མ་ཡོལ་ཚུན་གྱི་དུས་སྐབས་ཅི་བདེ་བར་ལོངས་སྤྱད་པར་བྱ་བའི་ཁམས་ཟས་དེ་དུས་རུང་གི་སྨན་གྱི་མཚན་ཉིད་དོ། །དབྱེ་བ་ནི། བཟའ་བར་བྱ་བ་ལྔ་དང། བཅའ་བར་བྱ་བ་ལྔ་ཡོད་དེ། གོང་དུ་གསོག་འཇོག་གི་སྤང་བའི་སྐབས་སུ་བཤད་ཟིན་ཏོ། །མདོར་ན་བཟའ་བར་བྱ་བ་ལྔས་མཚོན་ནས་བཟའ་བར་རུང་བའི་རིགས་སུ་གྱུར་པ་རྣམས་ནི་དུས་རུང་གི་སྨན་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།