29850

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། དུས་ཚིགས། ལོ། ཟླ་བ། ཟླ་བ་ཕྱེད། ཉིན་མོ། མཚན་མོ། སྐད་ཅིག། དེའི་སྐད་ཅིག། ཐང་ཅིག། ཡུད་ཙམ་མོ། །
དུས་རྣམ་པ་བཅུ་ (2)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་གཅིག་པ་ཞིང་ཁམས་ཀྱི་བཀོད་པ་ལས་བྱུང་བ་སྟེ། བསྐལ་པ་ནི། བར་བསྐལ་དང་། བསྐལ་ཆེན་གཉིས་སོ། །ལོ་ནི། ཟླ་བ་བཅུ་གཉིས་བསྡོམས་པའོ། །ཟླ་བ་ནི། ཚེས་པ་སུམ་ཅུའོ། །ཟླ་ཕྱེད་ནི། བཅོ་ལྔ་གཉིས་ཏེ་ཡར་ངོ་དང་། མར་ངོ་གཉིས་སོ། །ཉིན་མོ་ནི། འཛམ་བུ་གླིང་ལ་ཉི་མ་ཤར་བ་ལ་གྲགས་སོ། །མཚན་མོ་ནི། ཉི་མ་ནུབ་པ་ནས་མ་ཤར་བའི་བར་རོ། །སྐད་ཅིག་ནི། སྐད་ཅིག་ལ་གསུམ། ཐང་ཅིག། ཡུད་ཙམ་པ། དུས་ཚིགས་ནི། དགུན་དང་། སྟོན་དང་། དབྱར་དང་། དཔྱིད་དོ། །