29851
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགེ་སློང་གི་དང་པོའི་དྲི་བ་ལས་བྱུང་བ་སྟེ། དགུན་གྱི་དུས་ནི་ཟླ་བ་བཞི་སྟེ། དགུན་ཟླ་ར་བ། དགུན་ཟླ་འབྲིང་པོ། དགུན་ཟླ་ཐ་ཆུང་། དཔྱིད་ཟླ་ར་བ་དང་བཞིའོ། །སོས་ཀའི་དུས་ནི་ཟླ་བ་བཞི་སྟེ། དཔྱིད་ཟླ་འབྲིང་པོ། དཔྱིད་ཟླ་ཐ་ཆུང་། དབྱར་ཟླ་ར་བ། དབྱར་ཟླ་འབྲིང་པོ་དང་བཞིའོ། །དབྱར་གྱི་དུས་ནི་ཟླ་གཅིག་སྟེ། དབྱར་ཐ་ཆུང་ངོ་། །དབྱར་ཐུང་ངུ་ནི། ཉིན་ཞག་གཅིག་སྟེ། སྟོན་ཟླ་བ་ར་བའི་ཚེས་གཅིག་གི་ཉིན་ཞག་གོ ། དབྱར་ཟླ་རིང་པོ་ནི། སྟོན་ཟླ་ར་བའི་ཉིན་ཞག་དེ་ཉིད་མ་ཚང་བའི་ཟླ་བ་གསུམ་མོ། ། |