29877

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་སྦྱོར་ (1)
Part of speech མིང་ཚིག
Definition ཏཀཱལ་ཞེས་པ་ཉིན་ཞག་གཅིག་ལ་ཁྱིམ་བཅུ་གཉིས་ཀྱི་དབང་གིས་ལུག་གི་དུས་སྦྱོར་ནས་ཉའི་དུས་སྦྱོར་བར་བཅུ་གཉིས་ཉི་མ་གར་གནས་པའི་ས་ནས་རིམ་པར་ཉིན་ཞག་ཕྲུགས་གཅིག་ལ་ལན་རེ་འཁོར་བས་དུས་སྦྱོར་བཅུ་གཉིས་བརྩིས་ཏེ། ས་དུམ་བུ་བཅུ་གཉིས་པོ་རེ་རེ་བཞིན་ལུག་ཁྱིམ་སོགས་གསར་དུ་འཆར་བ་ནས་ཕལ་ཆེར་ཆུ་ཚོད་ལྔའི་རིང་ལ་ཁྱིམ་དེ་དང་དེའི་དུས་སྦྱོར་ཞེས་བཏགས་པ་ཡིན་ལ། དེ་ཡང་སྔོན་ཆད་ཉིན་མོར་སོར་བདུན་ཅན་གྱི་ཐུར་གྲིབ་སོགས་ལ་བརྟེན་ནས་བརྟགས་པ་དང༌། མཚན་མོར་སྐར་མ་ལ་བརྟེན་ནས་བརྟགས་ཤིང༌། ཁྱིམ་གང་གི་དུས་སྦྱོར་འཆར་སྐབས་ཁྱིམ་དེའི་སྟེང་དུ་གཟའ་དགུ་པོའི་གང་རུང་གནས་མི་གནས་ཞིབ་ཏུ་བརྟགས་ནས་ལེགས་ཉེས་ཀྱི་འབྲས་བུ་འབྱིན་པ་ལ་ཆེས་སྟོབས་དང་ལྡན་པ་ཡིན་པས་དུས་སྦྱོར་ཡོན་ཏན་འབུམ་ལྡན་ཞེས་བསྔགས་པ་ཡིན།
Domain རྩིས་རིག
དུས་སྦྱོར་ (2)
Part of speech མིང་ཚིག
Definition དུས་ཚོད་ཀྱི་འཕྲོད་སྦྱོར་དང་མཐུན་སྒྲིག་བྱེད་པ།