29878

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དུས་སྦྱོར་གཅིག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དེ་ཡང་རླུང་འགྲོ་འོང་གནས་གསུམ་གཅིག་ཏུ་སྡོོམ་པ་ནི་དབུགས་གཅིག་ཡིན་ལ། དེ་དྲུག་ལ་ཆུ་སྲང་དང་། དེ་དྲུག་ཅུ་ལ་དབུགས་སུམ་བརྒྱ་དྲུག་ཅུ་ཡོད་དེ། ཆུ་ཚོད་གཅིག་གོ ། ཆུ་ཚོད་རེ་ནི་འབྱུང་བའི་དཀྱིལ་འཁོར་རེ་དང་ཚད་མཉམ་པ་ཡིན་ལ། ཆུ་ཚོད་ལྔ་ནི་དབུགས་སྟོང་བརྒྱད་བརྒྱ་སྟེ་དུས་སྦྱོར་གཅིག་གི་དབུགས་སོ། །འདི་དག་ཏུ་དུས་སྦྱོར་དང་ཁྱིམ་དང་། འཕོ་བ་ཡང་དོན་གཅིག་གོ །
Domain ཆོས་ལུགས།