29900

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་ (1)
Part of speech ཕྲད་ཚིག
Definition མཚམས་སྦྱར་བའི་ལྷག་བཅས་ལ་འཇུག་པ། བྱ་བ་བརྗོད་པའི་མིང་སྔ་ཕྱིའི་བར་དུ་སྦྱར་ཏེ་སྔ་མ་བྱེེད་པ་དང་ཕྱི་མ་བྱ་བའི་དོན་ཅན་དུ་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ད་ཡིག་གི་རྗེས་སུ་དེ་འཐོབ་པ་ཡིན།
Keyword True
Example ཐང་ལ་བསྡད་དེ་བཤད། མིག་ཆེས་ཆེར་བགྲད་དེ་ཞིབ་ཏུ་བལྟས་ལྟ་བུ།
དེ་ (2)
Part of speech ཕྲད་ཚིག
Definition དམ་བཅའ་བའི་ལྷག་བཅས་ལ་འཇུག་པ། སྔ་མ་དམ་བཅས་པའི་དོན་དེ་ཚིག་དོན་ཕྱི་མས་གསལ་བར་བྱེེད་ཅིང་ལྷག་བཅས་ཀྱི་དོན་དང་ལྡན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ད་ཡིག་གི་རྗེས་སུ་དེ་འཐོབ་པ་ཡིན།
Keyword True
Example མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར། མིའི་མཚན་ཉིད་ཡོད་དེ། སྨྲ་ཤེས་ཤིང་དོན་གོ་བ་དེ་ཡིན་པའི་ཕྱིར་ལྟ་བུ།
དེ་ (3)
Part of speech ཕྲད་ཚིག
Definition གཞན་འདྲེན་པའི་ལྷག་བཅས་ལ་འཇུག་པ། རྗོད་བྱེད་སྔ་མའི་འཕྲོར་འབྲེལ་མེད་ཀྱི་བརྗོད་བྱ་གཞན་ཞིག་དྲངས་ནས། ཚིག་སྔ་ཕྱིའི་དོན་ཐ་དད་པར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ད་ཡིག་གི་རྗེས་སུ་དེ་འཐོབ་པ་ཡིན།
Keyword True
Example འདི་ནི་ཁྱོད་གདོང་ཉིད་དེ་པདྨ་མིན། །ཆུ་ལ་ཤིང་རྟས་མི་བགྲོད་དེ། །ཐང་ལ་གྲུ་ཡིས་ཇི་ལྟར་འགྲོ་ལྟ་བུ།
དེ་ (4)
Part of speech ཕྲད་ཚིག
Definition འགལ་བ་འདྲེན་པའི་ལྷག་བཅས་ལ་འཇུག་པ། བརྗོད་བྱ་སྔ་མའི་འཕྲོར་བརྗོད་བྱ་ལོག་པ་ཞིག་དྲངས་ནས་ཚིག་སྔ་ཕྱིའི་འགལ་བར་སྟོན་པ་སྟེ། སྦྱོར་ཚུལ་ནི་རྗེས་འཇུག་ད་ཡིག་གི་རྗེས་སུ་དེ་འཐོབ་པ་ཡིན།
Keyword True
Example བསྒྱུར་བསམ་ཡོད་དེ་ཁོམ་ལོང་མེད། སྐྱིད་ཟེར་བ་དཔོན་པོའི་ལག་ན་ཡོད། ངས་ཉོ་བསམ་ཡོད་དེ་ཉོ་ཐབས་མེད་ལྟ་བུ།
དེ་ (1)
Part of speech ཚབ་ཚིག
Definition རང་ལས་ཅུང་ཟད་ཐག་རིང་ས་ཕན་ཆད་ཀྱི་དངོས་པོ་ཞིག་གམ། སྐད་ཆ་བཤད་བཞིན་པའི་གནས་སྐབས་འདི་ལ་ལྟོས་གཞིར་བྱས་པའི་འདས་པའམ། མ་འོངས་པའི་དངོས་པོ་ཞིག་གམ། མངོན་གྱུར་དུ་སྟོན་རྒྱུ་མེད་པའི་དངོས་པོ་ཞིག་ངོས་འཛིན་པ་ལ་འཇུག་པ་སྟེ། སྦྱོར་ཚུལ་ནི་ཕྲད་རང་དབང་ཅན་ཡིན།
Keyword True
Example དཔེ་དེབ་དེའི་ནང་དུ་དེ་ལྟར་བྲིས་འདུག ན་ནིང་གི་ལོ་དེ་ལ་ང་ཚོའི་ལས་ཀར་གྲུབ་འབྲས་ཡག་པོ་བྱུང་། གཞིས་བྱེས་མཉམ་འཛོམས་འབྱུང་བའི་ལོ་དེ་ལ་ལྟ་བུ།
དེ་ (2)
Part of speech ཚབ་ཚིག
Definition སྔོན་དུ་བརྗོད་ཟིན་པའི་མིང་ཚིག་གི་དོན་ཉན་པ་པོས་ཤེས་པ་གཞིར་བཞག་གི་དོན་ཞིག་མཚོན་པའམ། དེ་དག་གི་ཚབ་ཏུ་འཇུག་པ་སྟེ། སྦྱོར་ཚུལ་ཕྲད་རང་དབང་ཅན་ཡིན།
Keyword True
Example བཀྲ་ཤིས་ནི་རྩོམ་སྒྲིག་པ་ཞིག་ཡིན། དེ་བརྡ་སྤྲོད་ལ་མཁས། དེས་སྐད་ཡིག་ཀྱང་མང་པོ་ཤེས་ལྟ་བུ།