29923

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་ཁོ་ན་ཉིད་ཀྱི་ཚིག་ལེའུར་བྱས་པའི་མན་ངག་གི་འགྲེལ་པ་ (1)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་སུ་ཛ་ཡ་ཤྲཱི་བྷ་དྲའི་ཞབས་ཀྱིས་མཛད། ཁོ་ན་ཉིད་ཀྱི་ཚིག་ལེའུ་བྱས་པའི་མན་ངག་གི་འགྲེལ་པ། རྒྱ་གར་གྱི་མཁས་པ་རིན་ཆེན་དཔལ་གྱི་ཞབས་ལ་གཏུགས་པ། པཎྜི་ཏ་པ་ར་ཧེ་ཏ་དང་། ལོ་ཙཱ་བ་ནག་ཚོ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར། འདི་དང་གོང་གི་ཆོས་ཚན་ ༠༦༡༦ པ་གཉིས་བུ་སྟོན་དང་པེ་ཅིང་པར་མ་དང་། ་སྣར་ཐང་དཀར་ཆག་ཏུ་དེ་ཁོ་ན་ཉིད་ཀྱི་ཚིག་ལེའུར་བྱས་པའི་མན་ངག་དང་། དེའི་འགྲེལ་པ་སློབ་དཔོན་སུ་ཛ་ཡ་ཤྲཱི་བྷ་དྲས་མཛད་པ་གཉིས་མ་ཧཱ་མཱ་ཡའི་རྫོགས་རིམ་དེ་དང་ཆ་འདྲ་བར་འདུག་ནའང་། ནག་ཚོའི་ལུགས་ལ། ཨོ་ཌྱན་སྒྲོལ་མའི་རྫོགས་རིམ་དུ་བཞེད་དོ། །ཞེས་དང་། སྡེ་དཀར་དུའང་དེ་དང་འདྲ་བར་འཁོད། བསྟན་འགྱུར་རྒྱུད་ཤ་པར་བཞུགས།