29929
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་དད་བྱེད་གོ་ཆས་མཛད་པའི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་ཞེས་བྱ་བའི་སྒྲུབ་པའི་ཐབས། ཁ་ཆེའི་མཁན་པོ་བི་ནཱ་ཡ་ཀ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར། ཆོས་ཚན་འདིའི་འཕྲོར་པེ་བསྟན་དཀར་ཆག་ཏུ་དཔའ་བོ་གཅིག་པའི་སྒྲུབ་ཐབས་མ་ན་ཀ་ཤིས་མཛད་པ་ཞེས་པའི་ཆོས་ཚན་ཞིག་འཁོད་ཀྱང་བསྟན་འགྱུར་པར་མའི་ཁྲོད་ལ་མཚམས་འདིར་མི་བཞུགས་ཤིང་། འོག་ཏུ་ཆོས་ཚན་༠༤༣༦ པ་མཛད་པ་པོ་དང་ཆོས་ཚན་གྱི་མཚན་འདི་དང་ཕྱོགས་འདྲ་བ་ཞིག་འཁོད་པས་དེ་དག་གཅིག་ཡིན་ནམ་སྙམ། བསྟན་འགྱུར་རྒྱུད་ཞ་པར་བཞུགས། |