29950

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་ཁོ་ན་ཉིད་བཅུ་པའི་རྒྱ་ཆེར་འགྲེལ་པ་ (1)
Part of speech མིང་ཚིག
Definition པཎྜི་ཏ་ཆེན་པོ་སློབ་དཔོན་ལྷན་ཅིག་སྐྱེས་པའི་རྡོ་རྗེས་མཛད་པའི་དེ་ཁོ་ཉིད་བཅུ་པའི་རྒྱ་ཆེར་འགྲེལ་པ། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་ལས་མཉན་ཏེ། སླད་ཀྱི་པཎྜི་ཏ་ཀཱ་ལྱ་ན་ཝརྨ་དང་། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཛྙཱ་ན་ཨཱ་ཀ་ར་མཚུར་གྱིས་བསྒྱུར། ཟུར་མཆན། བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་“པཎྜི་ཏ་ཀཱ་ལྱ་ན་དང་། ལོ་ཙཱ་བ་མཚུར་ཡེ་ཤེས་འབྱུང་གནས་ཀྱི་འགྱུར་”ཞེས་འཁོད། བསྟན་འགྱུར་རྒྱུད་ཝི་པར་བཞུགས།