From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དེ་ཁོ་ན་ཉིད་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཐེག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ལས་བྱུང་བ་དཔྱོད་པ་བ་ནི་འཇིག་རྟེན་རྒྱང་འཕེན་པ་སྟེ་དེའི་འདོད་པ་སྟེ། ས། ཆུ། མེ། རླུང་ངོ་། །
|
| Domain
|
ཆོས་ལུགས།
|
དེ་ཁོ་ན་ཉིད་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། བྱ་རྒྱུད། དེ་ཁོ་ན་ཉིད་བཞི་ནི། བྱ་རྒྱུད་ཀྱི་སྒོམ་པ་སྟེ། བདག་གི་དེ་ཁོ་ན་ཉིད་དང་། ལྷའི་དེ་ཁོ་ན་ཉིད་དང་། བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དང་། བསམ་གཏན་གྱི་དེ་ཁོ་ན་ཉིད་དོ། །རྒྱས་པར་བྱ་རྒྱུད་ཀྱི་ཐེག་པར་གཟིགས།
|