29952
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཌོམྦི་པས་མཛད་པའི་དེ་ཁོ་ན་ཉིད་བཞི་པ། རྒྱ་གར་གྱི་སློབ་དཔོན་བུདྡྷ་གུཔྟའི་ཞལ་སྔར་མན་ངག་ཙམ་མནོས་ཤིང་། སླད་ཀྱིས་པཎྜི་ཏ་ནིརྦཱ་ཎ་ཤྲིའི་སྤྱན་སྔར། མར་མེ་མཛད་དཔལ་གྱི་འགྲེལ་པ་དང་དང་བསྟུན་ཏེ་བསྒྱུར། ཟུར་མཆན། འགྱུར་བྱང་གི་རྗེས་སུ་“སྔོན་འདི་ལ་རྡོ་རྗེའི་ཚིག་བསྡུས་པ་ཆུང་བ་ཟེར་ན། ན་རོ་པའི་སློབ་དཔོན་རྒྱུན་རྣམས་ཉན་བཤད་བྱེད་པ་དང་། བཛྲ་པཱ་ཎིའི་ཕྱག་རྒྱ་བཞི་པ་ལ་རྡོ་རྗེ་ཚིག་བསྡུས་ཆེ་བ་ཟེར། མཻ་ཏྲི་པའི་སློབ་མ་རྣམས་འཆད་ཉན་བྱེད་པ་བྱུང་བ་ཡིན་ལགས། ཞེས་དང་པེ་ཅིང་པར་མ་དང་། ་སྣར་ཐང་དཀར་ཆག་ཏུ་པཎྜི་ཏ་བུདྡྷ་གུཔྟ་དང་། ནིརྦ་ན་ཤྲིའི་སྤྱན་སྔར་མར་མེ་མཛད་ཀྱི་འགྲེལ་པ་དང་བསྟུན་ཏེ་ཏཱ་ར་ནཱ་ཐས་བསྒྱུར་བ། ཞེས་འཁོད། བསྟན་འགྱུར་རྒྱུད་ཞུ་པར་བཞུགས། |