From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ། འདི་གོང་དུ་པེ་ཅིང་པར་མ་དང་། སྣར་ཐང་དང་སྡེ་དགེ ཅོ་ནེ་བཞིར་གསང་བ་འདུས་པའི་སྐོར་ལ་བཞུགས་པའི་ཆོས་ཚན་༠༧༩༥ པ་དང་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་སུ་པར་བཞུགས།
|
དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པའི་དེ་ཁོ་ན་ཉིད་རིན་པོ་ཆེ་སྣང་བའི་རྣམ་པར་བཤད་པ། ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་རྒྱ་གར་ཤར་ཕྱོགས་ཀྱི་དཔེ་ལས་ཞུ་གཏུགས་གཡར་ཁྲལ་འཚལ་བ་ལགས། ཆོས་ཚན་༠༧༩༣ ༠༧༩༤ ༠༧༩༥ འདི་གསུམ་བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་སྡེ་དགེ་རྣམས་ཀྱི་དཀར་ཆག་ཏུ་འདི་གསུམ་གསུང་འདུས་ཀྱི་ཆོས་སྐོར་ཡིན་ཀྱང་། ཡེ་ཤེས་ཞབས་ལུགས་ཀྱི་རྗེས་སུ་འབྲང་བའི་གསལ་ཁ་མི་སྣང་སྟེ། སྔར་གྱི་རྣམས་ཀྱིས་ཡེ་ཤེས་ཞབས་ལུགས་ཀྱི་སྐོར་དུ་བྲིས་པས་བྲིས་སོ། །ཞེས་གསུངས། ཆོས་ཚན་འདི་འོག་ཏུ་པེ་ཅིང་པར་དང་། སྣར་ཐང་གཉིས་ལ་རྒྱུད་གསར་བཅུག་གི་སྐབས་སུ་བཞུགས་པའི་ཆོས་ཚན་༢༦༦༩ པ་དང་བསྐྱར་ཟློས་སུ་འཁོད་འདུག བསྟན་འགྱུར་རྒྱུད་པི་པར་བཞུགས།
|