From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁ་བཙན་པོ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
སྐད་ཆ་བཤད་སྐབས་དབང་ཤུགས་ཆེན་པོ་དང་། སྐད་ཆ་དྲག་པོའམ་རྩུབ་པོ།
|
| Example
|
ཚང་མ་མི་ཁ་བཙན་ཆེན་པོ་ལ་གཏན་ནས་མི་དགའ་ལྟ་བུ།
|
ཁ་བཙན་པོ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
ཁ་དམ་པོ་སྟེ། གསང་བ་བྱེད་དགོས་པའི་སྐད་ཆའམ་གནས་ཚུལ་སོགས་ཕྱི་ལ་མི་ཤོད་པ།
|
| Example
|
མི་ཁ་བཙན་པོ། བུད་མེད་ཁ་བཙན་པོ་ལྟ་བུ།
|
ཁ་བཙན་པོ་ (3)
| Part of speech
|
རྒྱན་ཚིག
|
| Definition
|
སྣོད་སོགས་ཀྱི་ཁ་གཅོད་དམ་པོའི་དོན།
|
| Example
|
ཆང་དམ་ཁ་བཙན་པོ་ལྟ་བུ།
|
ཁ་བཙན་པོ་ (4)
| Part of speech
|
རྒྱན་ཚིག
|
| Definition
|
སྨན་སོགས་ཀྱི་བྲོ་བ་ཧ་ཅང་ཁ་བ་དང་སྐྱུར་བའི་དོན་ཏེ།
|
| Example
|
སྨན་ཁ་བཙན་པོ་འཐུང་དཀའ་ལྟ་བུ།
|