30
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི་ལོ་རྒྱུས་ཐོག་བོད་བཙན་པོའི་རྒྱལ་རྒྱུད་ལས་ཆད་པའི་རྒྱལ་ཕྲན་ཆུང་ངུ་ཞིག་སྟེ། ཚོ་དཔོན་འདི་ལ་ཀཿགནམ་སྡེ་པའམ་ཀཿརྒྱལ་པོ་ཡང་འབོད། ཀོང་པོ་གཡུང་དྲུང་འཛིན་གྲོང་ཚོའི་ཉེ་འགྲམ་གྱི་ཕ་བོང་ཆེན་པོ་ཞིག་གི་སྟེང་། བཙན་པོ་ཁྲི་སྲོང་ཡབ་སྲས་ཀྱི་སྐུ་དུས་འཁོད་པའི་བྲག་བརྐོས་ཡིག་ཆར། ཡུལ་འདིའི་རྗེ་བོ་བཙན་པོའི་གདུང་རྒྱུད་ཡིན་པ་སོགས་ལོ་རྒྱུས་ཀྱི་རིན་ཐང་ཡོད་པའི་ཡི་གེ་གསལ་བས་བཙན་པོའི་སྐུ་དུས་ཡུལ་འདི་ལྷ་བཙན་པོའི་གདུང་རྒྱུད་ཀྱིས་བཟུང་ཡོད་པ་དང་། ས་སྐྱ་དང་ཕག་གྲུའི་དུས་ཀརྨ་བཀའ་བརྒྱུད་ཀྱིས་བསྟན་གཞིས་སུ་ཆགས་པ་དང་། དགའ་ལྡན་ཕོ་བྲང་གི་སྐབས། ང་ཕོད། རྒྱ་ལྷ་སོགས་ས་གནས་སྡེ་དཔོན་གྱིས་དབང་དུ་བསྡུས་ཤིང་། སླར་ཡང་ལྷ་རྩེ། ཇོ་མོ། རྒྱ་མདའ་བཅས་རྫོང་ཁག་བྱུང་། ཐུགས་རྗེ་ཀཿགནམ་པས་སྦོ་མེས་ས་ཁུལ་དུ་ཡུན་རིང་བར་དབང་བསྒྱུར་བྱས་པ་དང་། ༡༩༣༡ལོར་བོད་གཞུང་གིས་སྤོ་མེས་ཁུལ་དུ་སྤོ་སྟོད་སྤོ་སྨད་ཁག་གཉིས་དང་མེ་ཏོག་བཅས་རྫོང་གསུམ་དུ་བགོས་འདུག ཀཿགནམ་རྒྱལ་པོའི་མངའ་ཁོངས་ལ་སྤོ་ལུང་མ་བུ་དྲུག་དང༌། མོན་ཚོ་ཁག་ལྔ། ལྷོ་གྲྭ་དཀར་ནག་སོགས་འདུས་ཡོད། དུས་རབས་བཅོ་བརྒྱད་པར་བོད་གཞུང་གིས་སྤོ་བོ་ས་ཁུལ་ལ་བདག་སྐྱོང་བྱས་ཏེ་ཕུ་ལུང་རྫོང་དང༌། ཤུལ་མོ་རྫོང༌། གཡུ་རི་རྫོང༌། ཐང་སྟོད་རྫོང་སོགས་ལ་རྫོང་དཔོན་བཏང་བ་དང༌། ཆུ་མདོར་སྤྱི་ཁྱབ་དོ་དམ་པ་མངག་གཏོང་གིས་ས་ཁུལ་དེ་དག་ནས་ཁྲལ་རིགས་བསྡུ་ལེན་བྱས་འདུག ། |
{{#arraymap:ཀ་གནམ་རྒྱལ་པོ་
|; |@@@ | | }}