30007

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་ཉིད་ཀྱི་སྒྲ་ (1)
Part of speech མིང་ཚིག
Definition ལས་དང༌། བྱ་བ་སོ་སོར་འབྱེད་ཀྱང༌། མིང་ཚིག་གང་རུང་གི་གཞི་གཅིག་ལ་སྦྱོར་བའི་ཚེ། བྱ་ལས་ངོ་བོ་ཐ་མི་དད་པར་བྱ་བ་གཅིག་ལ་སྦྱར་ནས་གོ་དགོས་པར་བརྟེན། བྱ་ཡུལ་དེ་ཉིད་བྱ་བའི་རང་བཞིན་ཉིད་དུ་འགྲུབ་པར་སྟོན་པའི་རྐྱེན་ནི། སྐབས་འདིའི་ལས་སམ། བྱ་བའི་ཡུལ་དེ་མིང་རྐྱང་ཡིན་ན་རྣམ་དབྱེའི་རྐྱེན་དེ་འགྱུར་བའམ། འགྲུབ་པའི་དོན་དུ་གོ་རྒྱུ་དང༌། ལས་ཚིག་གམ། ཁྱད་ཆོས་ཡིན་ན་རྣམ་འགྱུར་ཞིག་མཚོན་པའི་དོན་དུ་གོ་དགོས་པ།
Example མེར་འབར། འོད་དུ་འཚེར། གོང་དུ་འཕེལ། གཉེན་དགྲ་རུ་འཛིན། ཆུ་ཆང་དུ་མོས། ཞེས་པ་ལྟ་བུ་མིང་རྐྱང་དང༌། གནས་ལུགས་ཤེས་པར་བྱེད། རེ་དོན་འགྲུབ་པར་འགྱུར། བསམ་འཆར་བཤད་པར་བྱ། ཞེས་པ་ལྟ་བུ་ལས་ཚིག ཐག་པ་རིང་དུ་གཏོང༌། གོམ་སྟབས་འཁྱོག་པོར་སྒྱུར། ཕྱུགས་རྣམས་ག་ལེར་ལོག་ཡོང༌། ཞེས་པ་ལྟ་བུའོ།
Domain སྒྲ་རིག་པ།

{{#arraymap:དེ་ཉིད་ཀྱི་སྒྲ་

|; |@@@ | | }}