30008

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་ཉིད་བཅུ་ (1)
Part of speech མིང་ཚིག
Definition ཕྱི་ཡི་དེ་ཉིད་བཅུ་ནི། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟབས་བཟླས་བརྗོད་དང་། །སྦྱིན་བསྲེག་མཆོད་པ་ལས་སྦྱོར་དང་། །སླར་བསྡུ་བ་ཡི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་སོ། །
Domain ཆོས་ལུགས།

{{#arraymap:དེ་ཉིད་བཅུ་

|; |@@@ | | }}

དེ་ཉིད་བཅུ་ (3)
Part of speech མིང་ཚིག
Definition ཆོ་གའི་དེ་ཉིད་བཅུ་ནི། རབ་གནས་ཀྱི་རྒྱུད་ལས། དཀྱིལ་འཁོར་དང་ནི་ཏེིང་འཛིན་མཆོག། །ཕྱག་རྒྱ་སྟངས་སྟབས་གདན་དང་ནི། །བཟླས་བརྗོད་སྦྱིན་བསྲེག་མཆོད་པ་དང་། །ལས་ལ་སྦྱར་དང་སླར་བསྡུ་འོ། །ཞེས་སོ། །

{{#arraymap:དེ་ཉིད་བཅུ་

|; |@@@ | | }}

དེ་ཉིད་བཅུ་ (4)
Part of speech མིང་ཚིག
Definition སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་ནི། བླ་མ་ཡོངས་བཟུང་གི་རྒྱུད་ལས། གནས་དང་དུས་དང་ལྷ་སྔགས། །བགྲང་ཕྲེང་ཕྱག་རྒྱ་སྦྱིན་བསྲེག་དང་། །དབང་བསྐུར་དང་ནི་རབ་གནས་ཀྱི། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །ཞེས་སོ། །

{{#arraymap:དེ་ཉིད་བཅུ་

|; |@@@ | | }}

དེ་ཉིད་བཅུ་ (5)
Part of speech མིང་ཚིག
Definition དེ་ཁོ་ཉིད་ཀྱི་དེ་ཉིད་བཅུ་ནི། རིན་ཆེན་འབར་བ་ལས། རྡོ་རྗེ་དྲིལ་བུ་ཡེ་ཤེས་དང་། །ལྷ་དང་དཀྱིལ་འཁོར་སྦྱིན་བསྲེག་དང་། །སྔགས་དང་རྡུལ་མཚོན་གཏོར་མ་དང་། །དབང་བསྐུར་དེ་ཉིད་བཅུ་པའོ། །ཞེས་གསུངས་སོ། །

{{#arraymap:དེ་ཉིད་བཅུ་

|; |@@@ | | }}