30017

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་ཉིད་ཞེ་དགུའི་ཆིངས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དགེ་ལུགས། དེ་ཉིད་ཞེ་དགུའི་ཆིངས་ནི། རྣལ་འབྱོར་ཡན་ལག་དང་བཅས་པ་ལ་དེ་ཉིད་དབྱེ་བ་བཅོ་ལྔ་ཡོད་དེ། བཤད་རྒྱུད་རྡོ་རྗེ་འཕྲེང་བ་ལས། རྣལ་འབྱོར་དབྱེ་བ་བཅོ་ལྔ་ཡིན། ཞེས་གསུངས་པའི་ཕྱིར། བཅོ་ལྔ་པོ་གང་ཞེ་ན། གང་དུ་བསྒོམ་པ་གནས་ཀྱི་དེ་ཉིད། ཚོགས་ཞིང་སྤྱན་དྲངས་ནས་དེ་ལ་ཚོགས་གསོག་པ་བརྩེ་བ་སྙིང་རྗེ་ཆེན་པོ་ལ་དམིགས་པའི་དེ་ཉིད། བསྲུང་འཁོར་གྱི་གཙོ་བོ་བསྐྱེད་པའི་དེ་ཉིད། འཁོར་གྱི་ཁྲོ་བོ་བསྐྱེད་པའི་དེ་ཉིད། བགེགས་ལ་ཕུར་གདབ་བྱ་བའི་དེ་ཉིད། རྡོ་རྗེའི་རྭ་གུར་སྒོམ་པའི་དེ་ཉིད། ཡེ་ཤེས་ཀྱི་སའི་སྟོང་ཉིད་སྒོམ་པའི་དེ་ཉིད། སྣ་ཚོགས་རྡོ་རྗེའི་སའི་ཆ་བསྐྱེད་པའི་དེ་ཉིད། ལྷག་མོས་ཀྱི་གཞལ་ཡས་ཁང་བསྐྱེད་པའི་དེ་ཉིད། ལྷག་མོས་ཀྱི་ལྷའི་འཁོར་ལོ་འགོད་པའི་དེ་ཉིད། ལྷག་མོས་ལུས་ལ་སྡུད་པའི་དེ་ཉིད། ལྷག་མོས་འོད་གསལ་དུ་སྡུད་པའི་དེ་ཉིད། ཉི་མ་སོགས་ལ་དམིགས་པས་ལྡང་བའི་དེ་ཉིད། ཟླ་བ་ལ་བྱང་ཆུབ་པའི་དེ་ཉིད། ཡེ་ཤེས་ཙམ་ལ་མཉམ་པར་འཇོག་པའི་དེ་ཉིད་རྣམས་ཡིན་ནོ། ། རྣལ་འབྱོར་ལྷག་མ་རྣམས་ལ་དེ་ཉིད་དབྱེ་བ་བཅུ་བདུན་དུ་ཡོད་དེ། ཡང་དེ་ཉིད་ལས། བཅུ་བདུན་རྗེས་སུ་རྣལ་འབྱོར་དང་། །ཞེས་གསུངས་པའི་ཕྱིར། བཅུ་བདུན་པོ་དེ་གང་ཞེ་ན། ས་བོན་ཕྱག་མཚན་སྐུ་རྫོགས་པ་ལས་རྡོ་རྗེ་འཆང་ཆེན་པོར་བསྐྱེད་པའི་དེ་ཉིད། དང་པོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བའི་དེ་ཉིད། ལུས་རྟེན་གྱི་དཀྱིལ་འཁོར་དུ་སྒོམ་པའི་དེ་ཉིད། ཕུང་པོ་ལྔ་རིགས་ལྔར་སྒོམ་པའི་དེ་ཉིད། ཁམས་བཞི་ཡུམ་བཞིར་སྒོམ་པའི་དེ་ཉིད། མིག་སོགས་ས་སྙིང་སོགས་སུ་སྒོམ་པའི་དེ་ཉིད། ཡུལ་ལྔ་རྡོ་རྗེ་མ་ལྔར་སྒོམ་པའི་དེ་ཉིད། ཡན་ལག་ཁྲོ་བོར་སྒོམ་པའི་དེ་ཉིད། སྐུ་བྱིན་རླབས་ཀྱི་དེ་ཉིད། གསུང་བྱིན་རླབས་ཀྱི་དེ་ཉིད། ཐུགས་བྱིན་རླབས་ཀྱི་དེ་ཉིད། སྐུ་གསུང་ཐུགས་ཐུན་མོང་དུ་བྱིན་གྱིས་བརླབས་པའི་དེ་ཉིད། ཡེ་ཤེས་སེམས་དཔའི་དེ་ཉིད། ཏིང་ངེ་འཛིན་སེམས་དཔའི་དེ་ཉེད། རིག་མ་འདུ་བྱ་བའི་དེ་ཉིད། རྗེས་ཆགས་ཀྱི་དེ་ཉིད། མཆོད་པའི་དེ་ཉིད་རྣམས་ཡིན་ནོ། ། དཀྱིལ་འཁོར་རྒྱལ་མཆོག་ལ་དེ་ཉིད་དབྱེ་བ་ལྔར་ཡོད་དེ། ཡང་དེ་ཉིད་ལས། དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག། །དེ་ཉིད་དབྱེ་བ་རྣམ་པ་ལྔ། །ཞེས་གསུངས། དེ་ཡང་གང་ཞེ་ན། གཤེགས་པ་དབྱུང་བའི་དེ་ཉིད། གཤེགས་མ་དབྱུང་བའི་དེ་ཉིད། སེམས་དཔའ་དབྱུང་བའི་དེ་ཉིད། སེམས་མ་དབྱུང་བའི་དེ་ཉིད། ཁྲོ་བོ་དབྱུང་བའི་དེ་ཉིད་རྣམས་ཡིན་ནོ། ། ལས་རྒྱལ་མཆོག་ལ་དེ་ཉིད་དབྱེ་བ་བཅུ་གཉིས་སུ་ཡོད་དེ། ཡང་དེ་ཉིད་ལས། དེ་ནས་ལས་ཀྱི་རྒྱལ་པོ་མཆོག། །དེ་ཉིད་དབྱེ་བ་བཅུ་གཉིས་སོ། །ཞེས་གསུངས། དེ་ཡང་གང་ཞེ་ན། སྟེང་སྒོར་ཕྱག་མཚན་ཕྲ་མོ་སྒོམ་པའི་དེ་ཉིད། འོག་སྒོར་ཐིག་ལེ་ཕྲ་མོ་སྒོམ་པའི་དེ་ཉིད། ཡིད་བཟླས་ཀྱི་དེ་ཉིད། ངག་བཟླས་ཀྱི་དེ་ཉིད། གཙོ་བོ་འོད་གསལ་དུ་གཞུག་པའི་དེ་ཉིད། དེ་ལ་ཞུ་བ་གླུས་བསྐུལ་བའི་དེ་ཉིད། མཆོད་བསྟོད་བདུད་རྩི་མྱང་བའི་དེ་ཉིད། ཐུན་མཐར་ཉེར་བསྡུ་བྱ་བའི་དེ་ཉིད། ཁ་ཟས་ཀྱི་དེ་ཉིད། ལུས་རྟས་པར་བྱེད་པའི་དེ་ཉིད། དངོས་གྲུབ་ཆུང་ངུ་བསྒྲུབ་པའི་དེ་ཉིད། འབྲིང་བསྒྲུབ་པའི་དེ་ཉིད་རྣམས་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:དེ་ཉིད་ཞེ་དགུའི་ཆིངས་

|; |@@@ | | }}