30070

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པ་ (1)
Part of speech མིང་ཚིག
Definition མདོ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་དེ་བཞིན་ཉིད་ཀྱི་ལམ་ལ་བརྟེན་ནས་བྱང་ཆུབ་ཆེན་པོར་མངོན་པར་གཤེགས་པ། སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་ཤིང་ཕྱིན་པ་དང། ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ཇི་ལྟ་བ་མཁྱེན་ཅིང་གསུངས་པ་ལ་བྱ་མོད་ཀྱི། སྔར་གྲགས་པ་བཞིན་དེ་བཞིན་གཤེགས་པ་ཞེས་བཏགས།
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པ་

|; |@@@ | | }}

དེ་བཞིན་གཤེགས་པ་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག དེ་བཞིན་གཤེགས་པ་ནི། མ་བཅོས་པའི་དེ་བཞིན་ཉིད་དང་། མ་ནོར་བའི་དེ་བཞིན་ཉིད་དང་། གཉིས་སུ་མེད་པའི་དེ་བཞིན་ཉིད་དང་། ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་དུ་གཤེགས་པ་ལ་གསུངས་ཏེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་བཞིན་ཉིད་དུ་གཤེགས་པ་སྟེ། དེ་ཞེས་པ་སྙེག་པའི་ཚིག གང་ལ་སྙེག་ན་གཞི་ཤེས་བྱ་གཤིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུའོ། །གང་ཞེ་ན། མ་བཅོས་པའི་དེ་བཞིན་ཉིད་སྐྱེ་མེད་ཀྱི་གཤིས། མ་ནོར་བའི་དེ་བཞིན་ཉིད་འགག་མེད་ཀྱི་གདངས། གཉིས་སུ་མེད་པའི་དེ་བཞིན་ཉིད་དབྱེར་མེད་ཀྱི་ངང་། ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད་བློའི་སྤྱོད་ཡུལ་ལས་འདས་པ་དེ་ཉིད་ནར་སོན་ཞིང་དེའི་ངོ་བོར་གྱུར་པས་ན་གཤེགས་པ་སྟེ། དེ་ཀ་ལ་འགྲེལ་པ་སྤར་ཁབ་ལྟར་སྟོན་པའི་རང་བཞིན་བདུན་གྱི་དབང་དུ་བྱས་ན་དེ་བཞིན་ཉིད་དུ་ནར་སོན་པའི་རང་བཞིན་ནོ། །ཞེས་གསུངས།

{{#arraymap:དེ་བཞིན་གཤེགས་པ་

|; |@@@ | | }}

དེ་བཞིན་གཤེགས་པ་ (3)
Part of speech མིང་ཚིག
Definition རྫོགས་ཆེན། ཉི་ཟླ་འབར་བའི་སྒྲོན་མ་ལས། དེ་བཞིན་ཞེས་པ་མ་ནོར་མ་བཅོས་པའི་དོན་ནོ། །གཤེགས་པ་ཞེས་པ་དེ་བཞིན་གཤེགས་པ། མ་ནོར་བར་གཤེགས་པ། རྟོགས་པས་གཤེགས་པ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་གཤེགས་པའོ། །ཞེས་གསུངས།

{{#arraymap:དེ་བཞིན་གཤེགས་པ་

|; |@@@ | | }}

དེ་བཞིན་གཤེགས་པ་ (4)
Part of speech མིང་ཚིག
Definition དེ་བཞིན་གཤེགས་པ་ནི་སྤྱིར་སངས་རྒྱས་ཐམས་ཅད་ལ་འཇུག་ཀྱང་སྐབས་འདིར་ཆོས་སྐུ་དང་ལོངས་སྐུ་ཁོ་ནར་གོ་བར་སྣང་སྟེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་བྱ་བ་ནི་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུའོ། །ལས་ཞེས་བྱ་བ་ནི་ལྷག་མ་དང་བཅས་པ་དང་འབྲེལ་བའི་ཚིག་སྟེ། ཅིའི་ཕྱིར་ན་ཐུགས་རྗེ་ཆེན་པོའི་བྱིན་བརླབས་ལས་བྱུང་བའི་སྐྱེས་བུ་ཐུབ་པ་དྲུག་འཐོན་ཏོ་ཞེས་བྱའོ། །དེ་ཡང་ཅིའི་ཕྱིར་དྲུག་ཅེ་ན། འགྲོ་བ་རིགས་དྲུག་གི་ཕྱིར་རོ་ཞེས་བྱའོ། །ཕྱི་ནང་གི་གནས་གང་ནས་ཐོན་ཞེ་ན། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཐོན་ཏོ་ཞེས་བྱའོ། །ཞེས་གསུངས།

{{#arraymap:དེ་བཞིན་གཤེགས་པ་

|; |@@@ | | }}

དེ་བཞིན་གཤེགས་པ་ (5)
Part of speech མིང་ཚིག
Definition སངས་རྒྱས་སྤྱིའི་མཚན་ཏེ། ཆོས་དབྱིངས་དེ་བཞིན་ཉིད་ཀྱི་ངང་ལ་གཤེགས་པའམ་བཞུགས་པས་སོ། །
Type མངོན་བརྗོད།

{{#arraymap:དེ་བཞིན་གཤེགས་པ་

|; |@@@ | | }}