From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ། བསྟན་འགྱུར་རྒྱུད་ལི་པར་བཞུགས།
|
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
སློབ་དཔོན་ཆེན་པོ་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་ཀྱིས་མཛད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ། རྒྱ་གར་གྱི་མཁས་པ་པཎྜི་ཏ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བུ་སྟོན་དང་། པེ་ཅིང་པར་མ་དང། སྣར་ཐང་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་འདིའི་དུམ་བུ་དང་པོ་ཡན་ཆད་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར་དང་། མན་ཆད་པཎྜི་ཏ་ཐུགས་ཆེན་པོ་དང་། ལོ་ཙཱ་བ་ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར་ཡིན་པར་འཁོད། བསྟན་འགྱུར་རྒྱུད་ཤི་པར་བཞུགས།
|
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ (3)
| Part of speech
|
མིང་ཚིག
|
| Definition
|
པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨྨ་དང་། བོད་ཀྱི་ལོཙྪ་བ་རིན་ཆེན་བཟང་པོས་བསྒྱུར་བར་གྲགས། བཀའ་འགྱུར་རྒྱུད་འབུམ་ཇ་པར་བཞུགས།
|