30143
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་ལ་གནས་པ་བཅུ་སྟེ། ༡ ཆོས་ཐམས་ཅད་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་སྣ་ཚོགས་དང་། སེམས་གཅིག་གི་སྤྱོད་པ་དང་། རྣམ་པར་གཡོ་བ་ལྡོག་པ་སེམས་ཀྱི་སྐད་ཅིག་མ་ལ་མཁྱེན་པ། ༢ སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་དུས་གསུམ་ཀུན་གྱི་ལས་རྣམས་དང་། ལས་དང་ལྡན་པ་སྣ་ཚོགས་དང་། རྣམ་པ་དང་། རིམ་པ་དང་། ལས་རྣམས་ཀྱི་འཕེལ་ཞིང་གསོག་པའང་ཕྱི་མའི་རྣམ་པར་སྨིན་པའི་རིམ་པ་སེམས་སྐད་ཅིག་མ་གཅིག་ལ་མཁྱེན་པ། ༣ ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། སེམས་ཅན་གྱི་རིས་སྣ་ཚོགས་དང་། སེམས་ཅན་གྱི་རིས་གཅིག་དང་། སེམས་ཅན་མ་ལུས་པ་ཐམས་ཅད་དུས་ཇི་ལྟ་བ་བཞིན་སེམས་ཅན་རྣམས་འདུལ་ཞིང་སྟོན་པའི་ཆོ་འཕྲུལ་དང་། རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་བྱིན་གྱིས་བརླབས་སྟོན་པ་མཁྱེན་པ། ༤ ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། རྒྱ་ཆེའི་ཕྱོགས་ཀྱི་རིས་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱིས་མཚན་མར་བཟུང་བ་དང་། སངས་རྒྱས་འབྱུང་བ་ལྟ་བ་རྣམ་པར་མཁྱེན་པ། ༥ འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དང་། དད་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་བཞིན་དུ་སྐད་ཅིག་ལ་ཚད་མེད་པའི་རིམ་པས་སངས་རྒྱས་ལ་ལྟ་བ་དང་། རྣམ་པར་རིག་པའི་བྱིན་གྱིས་བརླབས་མཁྱེན་པ། ༦ འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ཀྱི་སེམས་ཕ་རོལ་གྱི་བསམ་པར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་སྟོན་པ་མཁྱེན་པ། ༧ ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་འཛིན་པ་མེད་པས་སངས་རྒྱས་ནས་སེམས་ཅན་རྣམས་ཇི་ལྟ་བུས་འདུལ་བ་བཞིན་དུ་འདོམས་ཤིང་རྗེས་སུ་བསྟན་པ་དང་། དེ་བཞིན་གཤེགས་པ་འབྱུང་བ་སྟོན་པར་མཁྱེན་པ། ༨ ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་ཐམས་ཅད་དུ་འགྲོ་ཞིང་སེམས་ཀྱི་སྐད་ཅིག་མ་དེ་དང་། དེ་དག་ཏུ་འགྲོ་བའི་ནན་ཏན་མཁྱེན་པ། ༩ སེམས་ཀྱི་སྐད་ཅིག་མ་ལ་ཆོས་ཀྱི་ཕྱོགས་ཐམས་ཅད་ལ་སངས་རྒྱས་ཀྱི་སེམས་ཅན་རྣམས་ཀྱི་ཕྱོགས་ཐམས་ཅད་ལ་སངས་རྒྱས་རྗེས་སུ་དྲན་པ་གཏོང་ཞིང་སྦྱོར་བ་མཁྱེན་པ། ༡༠ སེམས་ཀྱི་སྐད་ཅིག་མ་ལ་ཆོས་ཀྱི་དབྱིངས་མ་ལུས་པ་ཐམས་ཅད་སེམས་ཅན་རྣམས་ཀྱི་དད་པ་ཚད་མེད་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་སྐུ་ལ་ལྟ་བ་དང་། གཟུགས་ཀྱི་སྐུའི་ཁ་དོག་གི་གནས་མཐའ་ཡས་པ་སྟོན་པ་མཁྱེན་པའོ། ། |
Domain | ཆོས་ལུགས། |
{{#arraymap:དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ལ་གནས་པ་བཅུ་
|; |@@@ | | }}