30169

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དེ་བཞིན་གཤེགས་པ་མཆོད་པར་སྤྲོ་བར་འགྱུར་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ཞེས་བྱ་བ་ལས་བྱུང་བ་སྟེ། ༡ ཡོན་གནས་མཆོག་ལ་མཆོད་པར་འགྱུར་བ། ༢ བདག་མཐོང་ནས་སེམས་ཅན་གཞན་དག་ཀྱང་དེ་བཞིན་དུ་མཆོད་པ་བྱེད་པར་འགྱུར་བ། ༣ དེ་བཞིན་གཤེགས་པ་ལེགས་པར་མཆོད་ན་བྱང་ཆུབ་སེམས་ཀྱི་སེམས་བརྟན་པར་འགྱུར་བ། ༤ སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་མངོན་སུམ་དུ་མཐོང་ན་དགེ་བའི་རྩ་བ་གསོག་པར་འགྱུར་བའོ། །
Domain ཆོས་ལུགས།

{{#arraymap:དེ་བཞིན་གཤེགས་པ་མཆོད་པར་སྤྲོ་བར་འགྱུར་བའི་ཆོས་བཞི་

|; |@@@ | | }}